ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཏ་ཤིང་གནམ་ཐང་འགག་སྒོར་ལོ་འཁོར་ནང་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་500ལྷག་ཙམ་ཟིན་པ།

སྤེལ་དུས 2026-11-12 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
འདི་ནི་ཉེ་ཆར་འགྲུལ་པས་ཏ་ཤིང་གནམ་ཐང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ནས་རྒྱལ་མཚམས་ནང་དུ་འཛུལ་བཞིན་པ།
         པེ་ཅིང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་10ཚེས་28ཉིན་བར་པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་འགག་སྒོའི་ལོ་འཁོར་འདིའི་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་བསྡོམས་འབོར་མི་ཐེངས་ཁྲི་500ལྷག་ཙམ་ཟིན་ཡོད་པ་རེད། ཏ་ཤིང་གནམ་ཐང་འགག་སྒོའི་ལོ་འཁོར་འདིའི་རྒྱལ་མཚམས་འཛུལ་མཁན་ཕྱི་རྒྱལ་གྱི་འགྲུལ་པ་མི་ཐེངས་ཁྲི་90ལྷག་ཙམ་ཟིན་ཏེ་དུས་མཚུངས་ལས་36%ཙམ་འཕར་བའི་ཁྲོད་ཐོངས་མཆན་མི་དགོས་པར་རྒྱལ་མཚམས་འཛུལ་མཁན་ཕྱི་རྒྱལ་བའི་བསྡུར་གྲངས་དེ་བཅུ་ཆ་བརྒྱད་ཙམ་ཟིན་ཡོད།