ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཧྲང་ཧའེ་རུ་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པ་འགོ་ཚུགས་པ།

སྤེལ་དུས 2026-11-12 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
         ཟླ་11ཚེས་5ཉིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པ་འགོ་ཚུགས་པ་དང་། སྐབས་འདིའི་ནང་འདྲེན་འགྲེམས་ཚོགས་ལ་རྒྱལ་ཁབ་དང་། ས་ཁུལ་དང་རྒྱལ་སྤྱིའི་རྩ་འཛུགས་བཅས་162ཀྱི་ཁེ་ལས་4100ལྷག་ཙམ་ཞུགས་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་44ལས་ཐེངས་དང་པོར་བརྒལ་བ་དང་། ཁེ་ལས་ཀྱི་འགྲེམས་སྟོན་གཞི་ཁྱོན་སླར་ཡང་ཟིན་ཐོ་གསར་པ་བཏོད་དེ་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་37ལས་ཐེངས་དང་པོར་བརྒལ་ཡོད་པ་རེད། འདི་ནི་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པའི་ལག་རྩལ་སྒྲིག་ཆས་འགྲེམས་ཁུལ་གྱི་ཧའེ་ཁོ་སི་ཁང་རྟགས་ཅན་གྱི་འགྲེམས་སྟེགས་ཐོག་ཞིབ་ཚགས་ཆེ་བའི་ཚད་འཇལ་སྒྲིག་ཆས་ཀྱིས་རླངས་འཁོར་ལ་ཞིབ་བཤེར་ཚད་འཇལ་བྱེད་བཞིན་པ།