ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

སྒོར་ཁྲི129ཅན་གྱི་སྐྲན་འགོག་སྨན་ཁབ་འདི་སྨན་བཅོས་འགན་བཅོལ་ནང་བཅུག

སྤེལ་དུས 2026-11-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

             ཉེ་ཆར། 2026ལོའི་རྒྱལ་ཁབ་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་དངོས་སུ་ཁྱབ་བསྒྲགས་བྱས་ཡོད། ཀུན་ནས་དོ་ཁུར་ཆེན་པོ་བྱུང་བའི་འགྱུར་ལྡོག་ཅིག་ནི་དེ་སྔོན་སྨན་ཁབ་རེར་སྒོར་ཁྲི129ཡིན་པའི་འབྲས་སྐྲན་འགོག་པའི་སྨན་ཁབ་ཅིག་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་ཐོག་མར་ཚུད་པ་དེ་རེད།

             སྨན་བཅོས་འགན་བཅོལ་ནང་བཅུག་པའི་སྨན་དེའི་མིང་ལ་རུའེ་ཅི་ཨའོ་ལུན་སའེ་ཟེར་ཞིང་། མིང་གཞན་ལ་པེ་ནའོ་ཏ་ཡང་ཟེར། གྲོས་མོལ་བྱས་ནས་གོང་ཚད་བཅག་རྗེས། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཚད་གཞི་དེ་སྒོར་ཁྲི28.86བར་ཆག་ནས། དེ་སྔའི་རིན་གོང་ལས་སྒོར་ཁྲི100ལྷག་ཙམ་ཉུང་དུ་ཕྱིན་ཡོད། དེ་ཡང་གསལ་པོར་བཤད་ན། སྒོར་ཁྲི་བརྒྱ་ཡི་རིན་གོང་དེ་འགྱུར་བ་མེད་པར་སྨན་བཅོས་འགན་བཅོལ་ནང་བཅུག་པ་མ་ཡིན་པར། སྔོན་ལ་གོང་གཏམ་པ་དང་། དེ་ནས་སྨན་བཅོས་འགན་བཅོལ་གྱིས་དང་ལེན་ཐུབ་མིན་དང་། ཁེ་ལས་ཀྱིས་མཁོ་འདོན་བྱེད་ཐུབ་མིན་ལ་བལྟས་པ་རེད།

             གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་གཞི་རྩའི་སྨན་བཅོས་འགན་བཅོལ་རེ་ཞུ་བྱེད་པ་མ་ཟད་གྲོས་མོལ་ནང་ཞུགས་པའིCAR—Tསྨན་རྫས་ལ་རིགས་གཉིས་ཡོད་པ་དང་། མཐར་རིགས་གཅིག་གི་གོང་སྒྲིག་ཅིང་། རིགས་གཞན་པ་དེ་ཏག་ཏག་རིན་གོང་དང་མ་གནས་ཀྱི་སྟེང་ནས་བཀག་ཡོད། ཅིའི་ཕྱིར་རིགས་གཅིག་པོ་དེའི་གོང་གཏམ་ཐུབ་པ་ཡིན་ནམ་ཞེ་ན། སྨན་བཅོས་འགན་བཅོལ་དང་སྨན་རྫས་ཁེ་ལས་ཀྱིས་མཉམ་དུ་རྩིས་ཐོ་གསུམ་ལ་རྩིས་ཞིབ་ཕྲ་བརྒྱབ་ཡོད།

             རྩིས་ཐོ་དང་པོ། ནད་ཐོག་ཏུ་ངེས་པར་མཁོ་བ་ཞིག་ཡིན་ནམ།

             སྨན་བཅོས་འགན་བཅོལ་གྱིས་སྨན་འདེམས་སྐབས། དངོས་གནས་དྲང་གནས་ཀྱིས་མི་སྐྱོབ་ཐུབ་མིན་ལ་བལྟ་བཞིན་ཡོད། རུའེ་ཅི་ཨའོ་ལུན་སའེ་ཡིས་ནད་ལོག་ཡང་ཡང་རྒྱག་པ་དང་སྨན་བཅོས་ཇུས་གཞི་གཞན་དག་ཚང་མར་ནུས་པ་མེད་པའི་ཕྲ་ཕུང་ཆེན་པོBཡི་སྐྲན་ནད་ལ་དམིགས་ཡོད། དེའི་དམིགས་ཡུལ་ནི་དུས་ཡུན་རིང་པོའི་ནང་ཚོད་འཛིན་བྱེད་པ་དང་། ནད་ཐོག་སྨན་བཅོས་ལ་འཕྲལ་མཁོ་ཆེ་བའི་གསར་གཏོད་སྨན་གྱི་ཁོངས་སུ་གཏོགས་པ་རེད།

             རྩིས་ཐོ་གཉིས་པ། སྨན་བཅོས་འགན་བཅོལ་ཐེབས་རྩས་ཐེག་ཐུབ་བམ།

             སྨན་བཅོས་འགན་བཅོལ་གྱི་མ་མཐའི་མཚམས་ཐིག་ནི་གཞི་རྩ་འགན་ལེན་དང་། ནུས་པས་ལྕོགས་ཚོད་ཀྱིས་འགན་ལེན་བྱད་རྒྱུ་དེ་རེད། རུའེ་ཅི་ཨའོ་ལུན་སའེ་འགན་བཅོལ་ནང་ཞུགས་རྗེས་ཐེབས་རྩའི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་མིན་ལ་བརྡར་ཤ་གཅོད་སྐབས། གཙོ་བོ་ཕྱོགས་གཉིས་ལ་ཐུག་ཡོད་དེ།

             གཅིག་ནི་མིག་སྔའི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཆོག་མཆན་བཀོད་པའི་འཚམ་མཐུན་ནད་རྟགས་ལྟར་ན། སྤྱོད་འོས་པའི་མི་ཚོགས་མང་པོ་མེད་ཅིང་། སྨན་བཅོས་ཐེངས་མང་བྱས་ཀྱང་ཕན་མ་ཐོགས་པའི་ནད་པ་ད་གཟོད་གསལ་བཤད་ཡི་གེའི་ཆ་རྐྱེན་དང་མཐུན་པ།

             གཉིས་ནི་རུའེ་ཅི་ཨའོ་ལུན་སའེ་དེ་ཐེངས་གཅིག་རང་བཞིན་གྱི་སྨན་བཅོས་ཀྱི་ཁོངས་སུ་གཏོགས་པ་དང་། ནད་པ་གཅིག་གིས་ཐེངས་གཅིག་ལས་མི་སྤྱོད་པ་དང་། ལོ་དང་ཟླ་བརྩེགས་ནས་བེད་སྤྱོད་པ་ཞིག་མིན།

             མདོར་བསྡུར་ནས་བཤད་ན། སྨན་གྱི་གོང་ཚད་ལ་བལྟས་ན་མཐོ་མོད། འོན་ཀྱང་སྤྱོད་མཁན་ཉུང་ཞིང་། དངུལ་ཐེངས་གཅིག་མ་གཏོགས་མི་སྤྱོད་པས། སྨན་བཅོས་འགན་བཅོལ་མ་དངུལ་གྱི་གནོན་ཤུགས་སྤྱི་ཡོངས་ནས་ཚོད་འཛིན་བྱེད་ཐུབ།

             རྩིས་ཐོ་གསུམ་པ། སྨན་རྫས་ཁེ་ལས་ཀྱིས་རིན་གོང་དམའ་མོ་འདི་ཐེག་ཐུབ་བམ།

             རུའེ་ཅི་ཨའོ་ལུན་སའེ་ཡི་ཐོག་མའི་རིན་གོང་མཐོ་བ་དེའང་རྒྱུ་མཚན་ཡོད་པ་ཞིག་རེད། ཧོང་ཤིན་ཡུས་ཀྱིས་སྨན་གཞན་དག་བཟོ་གྲྭའི་ནང་ནས་ཐོན་སྐྱེད་འབོར་ཆེན་བྱེད་ཀྱི་ཡོད་ཅིང་། མི་རེས་སྤྱོད་བཞིན་པ་ཚང་མ་གཅིག་མཚུངས་རེད། འོན་ཏེ་སྨན་འདི་སྤྱོད་སྐབས་ཁྲག་བླངས་རྗེསTཕྲ་ཕུང་ཁྱེར་ནས་བསྒྱུར་བཀོད་གསོ་སྐྱོང་བྱས་རྗེས་སླར་ཡང་ཕྱིར་རྒྱག་དགོས་ལ། “མི་རེར་སྨན་རེ་”ཐོན་སྐྱེད་བྱེད་པ་དང་གཅིག་མཚུངས་རེད་ཅེས་བརྗོད།

             CAR—Tཁྲོད་དལ་བའི་ནད་དུག་གི་གཞི་རྟེན་གྱིས་མ་གནས་ཀྱི30%ནས50%བར་བཟུང་ཡོད། བཟོ་རྩལ་རྒྱུན་མཐུད་ལེགས་གཏོང་དང་རྒྱལ་ཐོན་གྱིས་ཚབ་བྱེད་ཐུབ་པ་དང་བསྟུན་ནས། ད་ལྟ་ང་ཚོ་རང་ཉིད་ཀྱིས་ཐོན་སྐྱེད་བྱེད་ཐུབ། གཞན་ཡང་ཁེ་ལས་ཀྱིས་ཀྱང་རྩིས་རྒྱག་ཤེས་ཀྱི་ཡོད། ཧོང་ཤིན་ཡུས་ཀྱིས་སྨན་བཅོས་འགན་བཅོལ་ནང་ཞུགས་རྗེས་སྤྱོད་ཚད་ཆེ་རུ་ཕྱིན་པ་དང་། མི་ཚོགས་མང་དུ་ཕྱིན་པ། ཁེ་ལས་ཀྱིས་རྩིས་བརྒྱབ་རྗེས་མ་གནས་བསྡུ་ཐུབ་པ་ཡིན་ན། ཕྱོགས་གཉིས་པོའི་བར་ད་གཟོད་གྲོས་འཆམ་ཡོང་གི་ཡོད་ཅེས་བརྗོད།

             ཕྱོགས་ཁག་གིས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། ཆེས་མདུན་ཕྱོགས་ཀྱི་གསར་གཏོད་དེ་ཆེས་འགན་ལེན་ཏན་ཏིག་ཏུ་བསྒྱུར་བ་དེ་ནི། CAR-Tསྨན་རྫས་ཐོག་མ་དེ་སྨན་བཅོས་འགན་བཅོལ་ནང་ཚུད་པའི་དོན་སྙིང་གནས་ས་རེད།

རྩོམ་སྒྲིག་པ། རིག་གྲོལ།