ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

འཛམ་གླིང་མི་རིགས་ལས་དོན་བཅོས་སྐྱོང་ཐད་ལ་ལེགས་སྐྱེས་ཕུལ་བའི་ཀྲུང་གོའི་བློ་གྲོས་ལ་དམའ་འབེབས་གཏོང་མི་ཐུབ།

སྤེལ་དུས 2026-05-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ཕྱོགས་ཞེན་གྱི་ལྟ་ཚུལ་དང་དཀྲོག་གཏམ་གྱིས་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་གོམ་སྟབས་བཀག་འགོག་ཐེབས་མི་ཐུབ་ལ། བཅའ་ཁྲིམས་དེས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་རིགས་ལས་དོན་བཅོས་སྐྱོང་ཐད་ལ་ལེགས་སྐྱེས་ཕུལ་བའི་ཀྲུང་གོའི་བློ་གྲོས་དང་ཇུས་གཞི་ཡང་བཀག་འགོག་ཐེབས་མི་ཐུབ་པ་དུས་ཚོད་ཀྱིས་ར་སྤྲོད་ཐུབ་ངེས།
       ཉེ་ཆར་ཡོ་རོབ་གྲོས་ཚོགས་ཐོག་ཀྲུང་གོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་དང་འབྲེལ་བའི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་བའི་ཐད་ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་ཕོ་ཉ་ཚོགས་པའི་མགྲིན་ཚབ་པས་དོན་དངོས་དང་ཁྲིམས་གཞིར་སྣང་མེད་བཏང་བ་དང་། བསམ་ངན་བཅངས་ནས་ཀྲུང་གོའི་བཅའ་ཁྲིམས་དང་མི་རིགས་སྲིད་ཇུས་ལ་ནག་ཉེས་བཟོ་བར་སྐད་ཆ་ནན་པོ་བྱེད་དགོས་པའི་རེ་བ་བཏོན་ཡོད།
       མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་བཟོ་བ་དང་ལག་བསྟར་བྱེད་པ་ནི་ཀྲུང་གོས་མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། བཅའ་ཁྲིམས་དེས་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་པ་དང་དུས་རབས་ཀྱི་དགོས་མཁོར་ལན་སློག་སྟེ། ཁྲིམས་སྐྱོང་ལ་བརྟེན་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་། དེའི་དོན་སྙིང་ལ་དོན་དངོས་དང་ཁྲིམས་གཞིའི་ཐོག་ནས་དེ་བས་ལེགས་པའི་ངོས་འཛིན་ཐུབ་དགོས་ངེས།

       ཟླ2པའི་ཚེས19ཉིན། ཡུན་ནན་ཞིང་ཆེན་ཕུའུ་ཨེར་གྲོང་ཁྱེར་རྫ་ཚང་ལ་ཧུའུ་རིགས་རང་སྐྱོང་རྫོང་དུ་ལོ་གསར་རྟེན་འབྲེལ་གྱི་གོམས་སྲོལ་བྱེད་སྒོ་སྤེལ་ཞིང་། རྫོང་དེའི་ཞང་གྲོང་ཁག་དང་མི་རིགས་ཁག་གི་འཐུས་མི་གཅིག་ཏུ་འདུས་པའི་ལོ་གསར་རྟེན་འབྲེལ་ཚོགས་པས་གཟབ་མཆོར་ལེགས་པར་སྤྲས་ནས་གླུ་ལེན་གར་འཁྲབ་བྱས་ནས་ལོ་གསར་རྟེན་འབྲེལ་གྱི་བྱེད་སྒོར་ཞུགས།
       བཅའ་ཁྲིམས་གསར་པ་ལག་བསྟར་གྱིས། རྩ་བརྟན་བཅོས་སྐྱོང་དོན་འཁྱོལ་བྱ།
       མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས་ཀྱིས་ཀྲུང་གོའི་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་ཀྱི་གནད་དོན་དངོས་ལ་དམིགས་ནས། ལམ་ལུགས་བཀོད་སྒྲིག་བྱས་པ་བརྒྱུད་ཁྲིམས་མཐུན་ཁེ་དབང་འགན་ལེན་གྱིས་མི་རིགས་ཁག་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས་སོགས་ཁྱབ་ཁོངས་སུ་ཐུན་མོང་ཐོག་ཞུགས་པ་དང་མཉམ་སྤྱོད་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།
       བཅའ་ཁྲིམས་གསར་པ་ལག་བསྟར་གྱིས། མཉམ་འདྲེས་ཀྱི་ཐབས་ཇུས་ཟབ་སྤེལ་བྱེད།
       སྐད་ཆ་ནི་སེམས་ཁམས་འབྲེལ་འདྲིས་བྱེད་པའི་ཟམ་པ་ཡིན། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་རྒྱུ་ནི་འཛམ་གླིང་རྒྱལ་ཁབ་ཁག་གིས་སྤྱི་ཚོགས་སྡེབ་སྒྲིལ་ལ་སྐུལ་སྤེལ་གཏོང་བ་དང་འདྲ་མཉམ་ངང་འཕེལ་རྒྱས་ཡོང་བར་བྱེད་པའི་ཡོངས་ཁྱབ་ལག་ལེན་ཞིག་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་ནི་ཐུན་མོང་རང་བཞིན་གྱི་ཉམས་མྱོང་ཀྲུང་གོ་རང་གི་སྐད་བརྡའི་ཁྱབ་ཁོངས་འོག་དོན་འཁྱོལ་བྱས་པ་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི་སྐད་བརྡ་མི་འཕྲོས་པའི་འགལ་ཟླ་སེལ་ནས་འཕེལ་རྒྱས་ཀྱི་གོ་སྐབས་ཆེ་རུ་བཏང་ཐོག མི་རིགས་ས་ཁུལ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་མགྱོགས་མྱུར་ཞུགས་རྒྱུར་རམ་འདེགས་བྱས་ཡོད།
དེ་དང་ཆབས་ཅིག ཀྲུང་གོས་ཁྲིམས་ལྟར་མི་རིགས་ཁག་གིས་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་འགན་ལེན་བྱེད་པ་དང་། ཕུལ་བྱུང་མི་རིགས་རིག་གནས་རྒྱུན་འཛིན་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་རྒྱུ་དེ“གཅིག་འགྱུར”ཞེས་པར་འཁྱོག་བཤད་བྱས་པ་དེ་དོན་དངོས་དང་མི་མཐུན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱུན་ཤེས་དང་ཡང་འགལ་ཡོད།
       བཅའ་ཁྲིམས་གསར་པ་ལག་བསྟར་གྱིས། མཐུན་འགྲོགས་ཀྱི་ལམ་གསལ་མངོན་པ།
       རྒྱལ་ཁབ་ཁག་གི་ལོ་རྒྱུས་རིག་གནས་དང་རྒྱལ་ཁབ་ཀྱི་དོན་དངོས་གནས་ཚུལ་མི་འདྲ་བ་ཡོད། མི་རིགས་ལས་དོན་བཅོས་སྐྱོང་བྱེད་པའི་ཐབས་ལམ་ལའང་རང་རང་གི་ཁྱད་ཆོས་ཡོད། ཀྲུང་གོའི་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་ཇུས་ནི་ཀྲུང་ཧྭའི་རིག་གནས་ཀྱི“མཐུན་འགྲོགས”དང“འདྲ་ཆེ་བ”སོགས་ཀྱི་བློ་གྲོས་ལས་རྩ་བ་ཚུགས་པ་དང་ཁྱད་པར་ལ་བརྩི་འཇོག་བྱེད་པའི་ཁྲོད་ཐུན་མོང་རང་བཞིན་ཆེ་རུ་གཏོང་བ་དང་། སྣ་མང་གཞི་གཅིག་ཁྲོད་བསྟུན་མཁས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡོད།
       མཉམ་འདྲེས་མཉམ་གནས་ཁ་ཕྱོགས་སུ་བྱེད་པ་དང་། ཁྲིམས་སྐྱོང་སྒྲིག་ལམ་འདེགས་སྐྱོར་དུ་བྱེད་པའི་ཐབས་ལམ་དེ་རིགས་ལ་རྒྱལ་སྤྱིའི་ཤེས་ལྡན་མི་སྣ་དེ་བས་མང་བའི་བསམ་ཤེས་དང་ཁས་ལེན་ཐོབ་བཞིན་ཡོད། འབྲེལ་ཡོད་རྒྱལ་ཁབ་དང་། རྩ་འཛུགས། མི་སྣ་བཅས་ཀྱིས་ཆེད་ལས་དང་གཤིས་བཟང་རྒྱུན་འཁྱོངས་བྱས་ནས་དོན་དངོས་ཀྱི་རྨང་གཞི་སྤུ་ཙམ་ཡང་མེད་པའི་ནག་ཉེས་དང་ཐེ་ཇུས་བྱེད་མཚམས་བཞག་སྟེ་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྣམ་འགྱུར་ཐོག་ནས་རྒྱལ་ཁབ་གཞན་གྱི་བཅོས་སྐྱོང་ལག་ལེན་དང་ཐབས་ལམ་གྱི་གདམ་གར་ལྟ་སྟངས་འཛིན་དགོས།
       ཀྲུང་གོས་ཁྲིམས་སྐྱོང་གི་རྣམ་པའི་ཐོག་ནས་མི་རིགས་མཐུན་སྒྲིལ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབད་པ་དེ་རྒྱལ་ཁབ་དེ་གའི་གྲུབ་འབྲས་ཐོབ་པའི་ལག་ལེན་ལས་བྱུང་བ་ཞིག་ཡིན་ལ་དུས་རབས་ཀྱི་རླབས་རྒྱུན་དང་ཡང་མཐུན་ཡོད།
       ཕྱོགས་ཞེན་གྱི་ལྟ་ཚུལ་དང་དཀྲོག་གཏམ་གྱིས་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་གོམ་སྟབས་བཀག་འགོག་བྱེད་མི་ཐུབ་ལ། བཅའ་ཁྲིམས་དེས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་རིགས་ལས་དོན་བཅོས་སྐྱོང་ཐད་ལ་ལེགས་སྐྱེས་ཕུལ་བའི་ཀྲུང་གོའི་བློ་གྲོས་དང་ཇུས་གཞི་ཡང་བཀག་མི་ཐུབ་པ་དུས་ཚོད་ཀྱིས་ར་སྤྲོད་ཐུབ་ངེས།