ཡོ་རོབ་གྲོས་ཚོགས་ཀྱིས་ཀྲུང་གོའི་མི་རིགས་སྲིད་ཇུས་དང་བཅའ་ཁྲིམས་དང་འབྲེལ་བའི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཞིང་། དོན་དངོས་དང་ཁྲིམས་ལུགས་སྣང་མེད་དུ་བཞག་ནས་ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ཀྱིས་ཐེ་གཏོགས་བྱས།
ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཚོགས་པའི་མགྲིན་ཚབ་པས་ཡོ་རོབ་གྲོས་ཚོགས་ཀྱིས་ཀྲུང་གོ་དང་འབྲེལ་བའི་གྲོས་ཆོད་སྐོར་ལ་གསར་འགོད་པའི་དྲི་བར་ལན་བཏབ།
དྲི་བ། 2026ལོའི་ཟླ4པའི་ཚེས30ཉིན་ཡོ་རོབ་གྲོས་ཚོགས་ཀྱིས་ཀྲུང་གོའི་མི་རིགས་སྲིད་ཇུས་དང་བཅའ་ཁྲིམས་དང་འབྲེལ་བའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བར་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དུ་དཔྱད་གཏམ་གང་ཞིག་ཡོད་དམ།
དྲིས་ལན། ཡོ་རོབ་གྲོས་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཀྱིས་དོན་དངོས་དང་ཁྲིམས་ལུགས་སྣང་མེད་དུ་བཞག་ནས་ཀྲུང་གོའི་བཅའ་ཁྲིམས་དང་མི་རིགས་སྲིད་ཇུས་ལ་ཉེས་མེད་ཉེས་འགེལ་བྱས་པ་དང་། ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ཀྱིས་ཐེ་གཏོགས་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་ཡོ་རོབ་ཕྱོགས་ལ་འབྲེལ་གཏུག་ནན་པོ་བྱེད་བཞིན་ཡོད། ཀྲུང་གོ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། མི་རིགས་ཁག་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཀྲུང་གོ་སྲིད་གཞུང་གིས་ཁྲིམས་ལྟར་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་། མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཁྱབ་ཁོངས་ཁག་གི་ཁེ་དབང་འགན་ལེན་གང་ལེགས་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གྲོས་ཚོགས་ལ་གཞུང་དྲང་རྒྱུན་འཁྱོངས་དང་དོན་དངོས་ལ་བརྩི་འཇོག་གིས། འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་རྒྱུ་དང་། ཀྲུང་གོར་ངོ་རྒོལ་བྱེད་མཁན་གྱི་ཁ་བྲལ་སྟོབས་ཤུགས་ཀྱིས་རྒྱབ་ལབ་གཏོང་མཚམས་འཇོག་རྒྱུ། ཀྲུང་གོ་ཕྱོགས་ཀྱི་སྲིད་ཇུས་དང་བཅའ་ཁྲིམས་ལ་ཉེས་མེད་ཉེས་འགེལ་བྱེད་མཚམས་འཇོག་རྒྱུ། བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་སྐྱོན་བྲལ་ངང་གོང་འཕེལ་དང་སྲུང་སྐྱོང་ཡོང་བར་འབོད་སྐུལ་བྱས་པ་རེད།
ཀྲུང་དབྱང་མི་རིགས་སློབ་ཆེན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པ་སློབ་གླིང་གི་དགེ་རྒན་ཆེན་མོ་ཡོན་ཀྲང་ཀོན་ཁའེ་ཡིས་ཉེ་ཆར་ཀྲུང་གོའི་གསར་འགྱུར་ཁང་གི“ཤར་ནུབ་གནད་དོན”གྱི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་དོན།འཛམ་གླིང་རྒྱལ་ཁབ་ཁག་སོ་སོར་ཐུན་མོང་མིན་པའི་མི་རིགས་ལས་དོན་བཅོས་སྐྱོང་གི་ཐབས་ལམ་ཞིག་ཡོད།ཀྲུང་གོས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ལ་བརྟེན་ནས་དབུལ་བྲལ་འགག་སྒྲོལ་དང་།སྤྱི་ཚོགས་འགན་ལེན།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཐད་སྤྱི་ཚོགས་ཀྱི་སྐུལ་སློང་ཤུགས་ཆེན་ཡོང་ཐབས་དང་།མི་རིགས་ས་ཁུལ་དང་མཐའ་མཚམས་ས་ཁུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།བྱེད་སྟངས་དེས“མི་རིགས་གཅིག་ཀྱང་རྗེས་སུ་ལུས་མི་རུང་བ”ནན་བཤད་བྱས་པ་དང་།མི་རིགས་འདྲ་མཉམ་དང་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་མ་ཟད།ཁྲོམ་ར་ཅན་གྱི་ཐོན་ཁུངས་བགོ་བཤའི་ཐབས་ལམ་གཙོ་བོ་དང་ཁྱད་པར་ཡོད་པ་བསྟན་ཡོད།
དེ་སྔ་ནུབ་ཕྱོགས་ཀྱི་དོན་དངོས་རྒྱས་བཤད་བྱེད་སྟངས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཀློག་པ་པོ་མི་མི་ཉུང་བའི་བསམ་བློར་ད་ལྟ་འགྱུར་ལྡོག་འགྲོ་བཞིན་ཡོད་པ་ང་ཚོས་མཐོང་ཐུབ།གང་ལགས་ཤེ་ན།ཀྲུང་གོར་ཐོན་པའི་དོན་དངོས་མང་པོ་ཞིག་འཛམ་གླིང་གི་མདུན་དུ་མངོན་སུམ་གསོན་རྗེན་དུ་གསལ་ལེར་མངོན་ཡོད་པས་རེད།ཉེ་རབས་ནས་བཟུང་།ཀྲུང་ཧྭའི་ཤེས་རིག་ལ་མི་སེར་སྤེལ་བའི་རིང་ལུགས་དང་བཙན་རྒྱལ་རིང་ལུགས་ཀྱི་འགྲན་སློང་དྲག་པོ་འཕྲད་ཀྱང་ཤེས་རིག་གི་རྒྱུན་མཐུད་རང་བཞིན་ཆད་མེད་ཅིང་།མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་སྤེལ་རེས།མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་དེའི་བསམ་བློའི་ནང་དོན་ལས་ཀྲུང་ཧྭའི་ཤེས་དཔལ་དེ་ལོ་རྒྱུས་རྒྱུན་འཛིན་བྱས་པ་ལས་བྱུང་བའི“འཆམ་མཐུན”དང“གནམ་འོག་ཁྱིམ་ཚང་གཅིག”གི་མཛའ་གཅུགས་ཀྱི་བསམ་བློ་མཚོན་ཡོད།དེས་ན་ཤེས་རིག་གི་འབྱུང་རྩ་འདིའི་རིགས་ཀྱི་འཛམ་གླིང་རང་བཞིན་གྱི་དོན་སྙིང་སྔར་ལས་ལྷག་པའི་སྒོ་ནས་སྔོག་འདོན་དང་རྒྱས་བཤད་ཡོང་བར་བྱེད་དགོས།