ཟླ8པའི་ཚེས3ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་བཞི་པའི་ལུས་རྩལ་འགྲན་ཚོགས་དང་སྐབས་དྲུག་པའི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་སྒྲོམ་སྟེགས་སྤོ་ལོའི་རྣམ་གྲངས་ཀྱི་ཧྭ་ཚའེ་སྒྲོམ་སྟེགས་སྤོ་ལོའི་མི་སྒེར་གྱི་འགྲན་བསྡུར་མཇུག་སྒྲིལ།
ཉིན་གསུམ་རིང་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། མཐར་ལྷོ་ཁ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་ཕུར་བུ་ཚེ་རིང་ལ་གསེར་གྱི་རྟགས་མ་ཐོབ་པ་དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་སྐབས་དྲུག་པའི་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་རེད།
ལྷོ་ཁ་གྲོང་ཁྱེར་གྱི་འཐུས་མི་ཕུར་བུ་ཚེ་རིང་གིས་འགྲན་བསྡུར་བྱེད་བཞིན་པ།
ལྷ་ས་གྲོང་ཁྱེར་གྱི་འཐུས་མི་ཝང་ཧྲི་ཆོན་གྱིས་འགྲན་བསྡུར་བྱེད་བཞིན་པ།
ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་རིན་ཆེན་བཟང་པོས་འགྲན་བསྡུར་བྱེད་བཞིན་པ།
ལྷ་ས་གྲོང་ཁྱེར་གྱི་འཐུས་མི་ཝང་ཧྲི་ཆོན་དང་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་རིན་ཆེན་བཟང་པོ་ཁག་སོ་སོར་དངུལ་གྱི་རྟགས་མ་དང་ཟངས་ཀྱི་རྟགས་མ་ཐོབ་པ།
ཁོང་ཚོར་བཀྲ་ཤིས་བདེ་ལེགས་ཞུ།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་སྒྲོམ་སྟེགས་སྤོ་ལོའི་རྣམ་གྲངས་འགྲན་བསྡུར་ལ་བོད་ལྗོངས་ཡོངས་ཀྱི་གྲོང་ཁྱེར་ས་ཁུལ(བདུན)ནས་ཡོང་བའི་ལུས་རྩལ་པ31གིས་གར་སྟེགས་སུ་རྩལ་འགྲན་བྱས་པ་དང་ཧྭ་ཚའེ་སྒྲོམ་སྟེགས་སྤོ་ལོ་མི་སྒེར་གྱི་འགྲན་བསྡུར་དང་སི་ནུའོ་ཁེ། དེའི་ཁྲོད་ཧྭ་ཚའེ་སྒྲོམ་སྟེགས་སྤོ་ལོའི་མི་སྒེར་འགྲན་བསྡུར་ཚེས3ཉིན་གྱི་ཕྱི་དྲོར་མཇུག་འགྲིལ་གྱི་ཡོད་པ་རེད། ཟླ8པའི་ཚེས4ནས་ཚེས8ཉིན་བར། སི་ནུའོ་ཁེ་འགྲན་བསྡུར་དང་ཚེས8ཉིན་གྱི་ཕྱི་དྲོའི་རྟིང་རྩོད་འགྲན་བསྡུར་ལ་རྣམ་གྲངས་དེའི་གསེར་གྱི་རྟགས་མ་གཉིས་པ་རྩོད་རྒྱུ་ཡིན་པས། ལྷན་རྒྱས་ཚོས་དོ་སྣང་གནང་རོགས་ཞུ།