ཐོག་མའི་ཇུས་འགོད་དཔེ་རིས་ལ་གཞིགས་ན། ཨ་མདོའི་འབབ་ཚུགས་དང་རྫོང་མཁར་དབར་སྤྱི་ལེ7ཡོད་ཅིང་། འཆར་འགོད་ལས་ཁུངས་ཀྱིས་འབབ་ཚུགས་གནས་ས་དེ་རྫོང་གྲོང་དང་བར་ཐག་སྤྱི་ལེ1ལས་མེད་པའི་སར་སྐྱས་སྤོས་པར་བརྟེན། ལྕགས་ལམ་དེ་སྟོབས་དང་ལྡན་པའི་གྱད་མིའི་ལག་ངར་དང་འདྲ་བར་བྱང་ཐང་གི་གྲོང་རྡལ་ཆུང་ངུ་དེ་ལུ་གུ་མཆན་ཁུང་དུ་བཟུང་བ་དང་མཚུངས།

མཚོ་བོད་ལྕགས་ལམ་ནག་ཆུའི་འབབ་ཚུགས།
ལྕགས་ལམ་གྱི་རིན་ཐང་གང་དུ་ཡོད་དམ་ཞེ་ན།
ལྕགས་ལམ་གྱི་རིན་ཐང་དེ་དཀྱོག་མཚམས་གཉིས་སུ་ཡོད།
དཀྱོག་ས་དང་པོ་ནི་ལོ20ཡི་གོང་གི་ཐོག་མའི་བསམ་འདུན་དེ་རེད། ཨ་མདོའི་འབབ་ཚུགས་དེས་སྔོན་ཆད་ཐོག་དཔངས་དམའ་བའི་ས་ཕག་གི་ཁང་པ་སྟར་པ་འགའ་ལས་མེད་པའི་བྱང་ཐང་གི་གྲོང་རྡལ་ཆུང་ཆུང་གི་རྣམ་པར་འགྱུར་ལྡོག་མཐར་ཕྱིན་བཏང་ཡོད། ལོ20ཡི་རིང་ཨ་མདོའི་འབབ་ཚུགས་སུ་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི140.9ཟིན་གྱི་ཡོད། མེ་འཁོར་གྱིས་ཡུལ་སྐོར་བ་དང་དངོས་རྫས་དབོར་ཐུབ་པ་མ་ཟད། སྐྱ་ནམ་རྒྱས་པའི་འཚོ་བ་གསར་པའང་དབོར་ཡོང་བ་སྟེ། དགུང་སྔོན་དབྱིངས་སུ་ཟུག་པའི་ཐོག་བརྩེགས་ཁང་ཆེན་ཀྲོང་ངེར་འགྱིངས་བ་དང་། ཁྲོམ་གཞུང་རྒྱུད་དུ་ཚོང་རྫས་བྱུར་བུར་གཏམས་པའི་ཚོང་ཁང་ཐོན་པ། ཁོད་སྙོམས་པའི་སྣུམ་གནག་གཞུང་ལམ་དུ་ཆེ་འབྲིང་ཆུང་གསུམ་གྱི་རླངས་འཁོར་རླུང་ལྟར་རྒྱུག་པ། དེ་བཞིན་བྱང་ཐང་སྟེང་གི་གྲོང་སྡེ་ཆུང་ཆུང་དེ་རྒྱལ་ཡོངས་ལྕགས་ལམ་དྲ་རྒྱ་ཆེན་པོ་དང་ལྷན་དུ་འཕེལ་རྒྱས་བྱུང་ཡོད། དཀྱོག་མཚམས་གཞན་ཞིག་ནི་ཉེ་བའི་ལོ20ཡི་རྗེས་ལ་རྒྱུན་མཐུད་བྱུང་བ་དེ་རེད། 2025ལོའི་ཟླ12པར་ལོ19ཡི་རིང་ལྷིང་འཇགས་སུ་གནས་པའི་བྲག་སྨུག་འབབ་ཚུགས་སུ་འགྲུལ་སྐྱེལ་གྱི་ལས་སྒོ་གཉེར་འགོ་ཚུགས་ཡོད། རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་་སྨི4712ཡོད་པའི་ས་ཚིགས་ཆུང་ཆུང་དེ་དུས་དེ་ནས་བཟུང་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་འབབ་ཚུགས་སུ་གྱུར་ཡོད། དེ་གོང་བྲག་སྨུག་ཉེ་འཁོར་གྱི་འབྲོག་པ་རྣམས་སྔོན་ལ་སྤྱི་ལེ185ཡི་རླངས་འཁོར་ལ་བསྡད་ནས་ཆུ་ཚོད11བསྐྱོད་རྗེས་གཞི་ནས་འབབ་ཚུགས་སུ་འབྱོར་གྱི་ཡོད། ད་ཆ་བྲག་སྨུག་ནས་ནག་ཆུ་བར་ཆུ་ཚོད་གཉིས་ལས་འགོར་གྱི་མེད།
འབྲོག་པ་བདེ་སྐྱིད་ཀྱིས“ཨ་མདོའི་ཚར་ཞྭ”ཐུམ་སྒྲིལ་རྒྱག་བཞིན་མེ་མཁོར་བསྡད་དེ་ནག་ཆུའི་ཚོང་འདུས་ལ་ཞུགས་པར་བསྐྱོད། ཁོང་གི་རྒྱབ་ཏུ་མར་དང་། ཕྱུ་ར། ལག་ཤེས་བཟོ་རྩལ་ཐོན་རྫས་འཁྱེར་བའི་འབྲོག་པ་མི་ཉུང་བ་ཞིག་ཡོད་པ་དང་། མེ་འཁོར་ཁྱིམ་གྱི་སྒོ་རྩ་བར་ཡོད་པས་མཐོ་སྒང་གི་ཐོན་རྫས་དུས་ཚོད་ཐུང་ངུའི་ནང་ཐག་རིང་གཞན་ཡུལ་དུ་བདེ་བླག་ངང་འཚོང་ཐུབ་ཀྱི་ཡོད།
མེ་འཁོར་ལྕགས་ལམ་ཨ་མདོའི་དཀྱོག་ས་ནས་བྲག་སྨུག་གི་འབབ་ཚུགས་གསར་པའི་བར། ལོ20ཙམ་རིང་གི་གདམ་ག་གཉིས་ལས་མི་དམངས་གང་དུ་ཡོད་པ་དེ་གར་མེ་འཁོར་གྱི་ཞབས་འདེགས་ཞུ་གི་ཡོད་པ་གང་ལེགས་མཚོན་པ་བྱས་ཡོད།
ལྕགས་ལམ་ཞིག་གི་རིན་ཐང་གང་དུ་ཡོད་དམ།
ལྕགས་ལམ་གྱི་རིན་ཐང་དེ་རྒྱལ་ཤེལ་གྱི་སྣེ་གཉིས་ལས་མཐོང་ཐུབ།
2007ལོར་ལོ16ལ་སླེབས་པའི་ཉི་མ་དོན་གྲུབ་ཀྱིས་གསར་དུ་ཉོས་པའི་རྒྱང་ཤེལ་ཁྱེར་ནས་ལྷ་ས་ནས་ཀོང་ཀྲོའུ་ལ་སྐྱོད་པའི་མེ་འཁོར་ལ་ཞུགས། ལམ་བར་ལ་རླངས་འཁོར་ལ་བསྡད་ནས་བསྐྱོད་ན་ཆུ་ཚོད54འགོར་གྱི་ཡོད་པས། ཁོ་པས་མེ་འཁོར་གྱི་སྒེའུ་ཁུང་ལ་བསྙེས་ནས་མཆོང་ལྡིང་རྒྱག་བཞིན་པའི་གཙོད་དང་རི་བོའི་ཕར་རྒྱབ་ཀྱི་ཡུལ་ལྗོངས་ལ་ལྟ་འདོད་ཀྱི་འདུན་པ་བཅངས་བཞིན་ཡོད། དེ་ནི་ཁོ་པ་བོད་ལྗོངས་ནས་ཁ་བྲལ་ཏེ་ཀོང་ཏུང་དུ་མཐོ་འབྲིང་འགྲིམ་པར་སྐྱོད་ཐེངས་ཐོག་མ་དེ་རེད། ལོ་ངོ་20ཡི་རྗེས་སུ་ཉི་མ་དོན་གྲུབ་བོད་ལྗོངས་སུ་ལོག་ནས་ལྷ་སར་སློབ་གསོའི་ལས་ཁུངས་ཤིག་བཙུགས་ཏེ་དབྱིན་ཡིག་གི་སློབ་ཚན་ཁྲིད་ཀྱི་ཡོད། སྔོན་ཆད་ཁོ་པ་མེ་འཁོར་ལ་བསྡད་ནས་ཡུལ་སྐོར་ལ་ཕྱིན་པ་དང་ད་ཆ་སླར་ཡང་བསམ་བློ་གསར་པ་ཁྱེར་ཏེ་མེ་འཁོར་ལ་བསྡད་ནས་ལོག་ཡོང་བ་རེད། རི་ལིའི་ལྕགས་ལམ་བརྒྱུད་ནས་ཁོ་པ་གངས་ལྗོངས་མཐོ་སྒང་ནས་གཞན་ཡུལ་དུ་བསྐྱོད་པ་དང་། སླར་ཡང་ལྕགས་ལམ་བརྒྱུད་ནས་རང་ཉིད་ཀྱི་སྐྱེ་ས་འཚར་སའི་ཕ་ཡུལ་གངས་ལྗོངས་སུ་ལོག་ཡོང་བ་རེད།
ཉི་མ་དོན་གྲུབ་དང་འདྲ་བའི་མི་མི་ཉུང་བ་ཞིག་ཡོད། ཧུའེ་རིགས་ཀྱི་གཞོན་ནུ་མ་ཐའོ་ཡིས2011ལོར་མེ་འཁོར་བསྡད་དེ་ལན་ཀྲོའུ་ནས་བོད་ལྗོངས་སུ་བསྐྱོད་དེ་ལྷ་སར་རང་ཉིད་ཀྱི་བྱ་གཞག་གསར་དུ་གཏོད་ཅིང་། གྲོང་ཚོའི་ཀྲུའུ་རེན་ཚེ་རིང་དབང་འདུས་ལ་ཆ་མཚོན་ན། 2025ལོར་སླེབས་དུས་གཞི་ནས་མེ་འཁོར་བསྡད་དེ་མཚོ་སྔོན་དུ་གསོ་སྦྱོང་ལ་བསྐྱོད་པ་དང་ཕྱིར་ལོག་རྗེས་གྲོང་མི་ཚོའི་སྣེ་ཁྲིད་དེ་གྲོང་གསེབ་ཡུལ་སྐོར་གྱི་ལས་དོན་སྤེལ་འགོ་བརྩམས་ཡོད།
ལ་ལ་ལམ་ལ་ཆས་པ་དང་། ལ་ལ་ཕྱིར་ལོག་པ། ལ་ལ་ལམ་ཁར་སྐྱོད་དང་སྐྱོད་བཞིན་ཡོད། ལྕགས་ལམ་གྱིས་གྲོང་དང་གྲོང་ཁྱེར་འབྲེལ་བ་ཁོ་ན་ཙམ་མིན་པར་མི་རབས་ནས་མི་རབས་བར་གྱི་མི་ཚེའི་གཏམ་རྒྱུད་སྙན་མོ་དག་འབྲེལ་ནས་ཡོད།
ཕན་ཚུན་འགྲོ་འོང་བྱས་པ་ལས་ཐོན་ལས་འཕེལ་རྒྱས་བྱུང་བཞིན་ཡོད། གཞོང་པ་ལྷ་ཆུ་བོད་སྨན་བཟོ་གྲྭར་ལྕགས་ལམ་ཤར་གཏོང་ཐུབ་མ་ཐུབ་གོང་། ཅ་དངོས་ཡོད་ཚད་རླངས་འཁོར་ལ་བརྟེན་ནས་སྐྱེལ་འདྲེན་བྱེད་དགོས་ཀྱི་ཡོད་པས་མ་གནས་མཐོ་བའི་ཁར་ཐོན་རྫས་ཟད་གྲོན་ཆེན་པོ་ཡོད་པ། དཔེར་ན། ད་ལོའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི2000ནས6000བར་འཕར་བ་དང་། ལྕང་ལུང་གཞིས་ཀའི་སྦྱིན་བདག་བློ་བཟང་རྒྱ་མཚོ་ནི་ཨར་ལས་བཟོ་སྐྲུན་ཆེད་ལས་སྦྱངས་ནས་ཡོང་བ་དང་། སློབ་གྲྭ་ཐོན་རྗེས་སྔོན་ལ་མཚོ་བོད་ལྕགས་ལམ་ཀུང་སིར་ལས་ཀར་ཞུགས་པ་དང་རྗེས་སུ་ལས་ཀ་དེ་ནས་དོན་ཏེ། མཐོ་སྒངགི་རྒུན་འབྲུམ་ཨ་རག་སྙོལ་རྩལ་སྦྱངས་ནས་ལས་གཏོད་ཀྱི་ལམ་ལ་ཞུགས་ཡོད།
ལྕགས་ལམ་གྱི་བྱེད་ནུས་ནི“མི་དབོར་བ”ཙམ་མིན་པར“མི་གང་དུ་ལས་ཞུགས་ཐུབ་པའི”གནད་འགག་ལ་ཐུག་ཡོད། ལྕགས་ལམ་བརྒྱུད་ནས་ཐོན་དུས་ན་སོ་ཕྲ་བའི་གཞོན་ནུ་ཡིན་རུང་ཕྱིར་ལོག་དུས་སྤྱོད་ཡོད་གཉིས་ལྡན་གྱི་ཤེས་ལྡན་པར་གྱུར་ཡོད། ཚུར་དབོར་ཡོང་བ་དག་སྤྱིར་བཏང་གི་དངོས་རྫས་ཡིན་རུང་། དངོས་རྫས་དེ་དག་ལས་རིམ་བཞིན་ཐོན་ལས་འཕེལ་རྒྱས་ཡོང་བཞིན་ཡོད།
མི་མང་པོས་ལྕགས་ལམ་ནི་ཐོག་མར་ས་ཁྲར་བལྟས་ནས་བཟོས་པ་ཞིག་ཡིན་པ་དང་། དེ་དུས་སྔ་ཕྱིར་གཞིགས་ནས་འཁོར་སྐྱོད་བྱེད་པ། སྐུན་ཚར་རྗེས་ཐམས་ཅད་ལེགས་གྲུབ་བྱུང་བར་བརྩི་གི་ཡོད། འོན་ཀྱང་དོན་དངོས་ཐོག་དེ་འདྲ་གཏན་ནས་མ་རེད། མཚོ་བོད་ལྕགས་ལམ་ལ་དཔེ་བཞག་ན། འཆར་འགོད་བྱེད་སྐབས་ལྕགས་ལམ་ཆེད་མངགས་བསྐོར་ནས་རྫོང་གྲོང་བརྒྱུད་དེ་བསྐྲུན་པ་དང་བྱང་ཐང་མི་དམངས་ཀྱི་རྒྱུན་གཏན་གྱི་འཚོ་བར་དམིགས་ནས་འབབ་ཚུགས་བསྐྲུན་པ་དང་། དེ་ཡང་ལོ20ཡི་རིང་ལ་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བཞིན་ཡོད། ལྕགས་ལམ་ནི་གྲང་ཅང་ཅང་གི་ངར་ལྕགས་ཡིན་མོད། འོན་ཀྱང་དེར་དམིགས་བསལ་གྱི་རིན་ཐང་ཆེན་པོ་ལྡན་ཡོད། རིན་ཐང་དེ་ག་ནས་བྱུང་བ་རེད་དམ་ཟེར་ན “མི་དམངས་ཀྱི་ལྕགས་ལམ་མི་དམངས་ཀྱི་ཆེད་དུ་བསྐྲུན་པ”ལས་བྱུང་བ་དང་། དེ་ནི་གྱང་ལྡེབས་སུ་བྲིས་པའི་འབོད་ཚིག་སྐམ་པོ་ཙམ་ཞིག་མིན་པར། དཀྱོག་མཚམས་རེ་རེ་དང་འབབ་ཚུགས་རེ་རེར་བརྐོས་པའི་འགྱུར་མེད་ཀྱི་ཐོག་མའི་བསམ་འདུན་དང་གདམ་ག་འབའ་ཞིག་རེད།
“འགྲན་སློང་ཐོད་བརྒལ་ཡོང་བ་དང་རྩེ་གྲ་གཏོད་པའི”མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་ནས་ད་ཆའི་འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་བར་གྱི་ཐོག་མའི་བསམ་འདུན་ལ་འགྱུར་བ་གཏན་ནས་བྱུང་མེད་དེ། ལྕགས་ལམ་ནི་སྔ་ཕྱི་བར་གསུམ་དུ་མི་དམངས་ཀྱི་འཚོ་བར་སྟབས་བདེ་ཡོང་བའི་ཆེད་དུ་བསྐྲུན་པ་ཞིག་རེད།
ལྕགས་ལམ་གྱི་ཡག་ཉེས་བརྗོད་པའི་དབང་ཆ་སུ་ལ་ཡོད་དམ། ལྕགས་ལམ་བཟོ་སྐྲུན་བ་དང་ཇུས་འགོད་པར་ལེགས་ཉེས་བརྗོད་དབང་ཡོད་དམ། ཁོ་ཚོར་ལེགས་ཉེས་བརྗོད་དབང་ཞིག་ག་ལ་ཡོད། དོན་དངོས་ཐོག་ལྕགས་ལམ་གྱི་ཡག་ཉེས་དེ་མེ་འཁོར་སྡོད་མཁན་ཚོར་རྒྱུས་མངའ་ཆེ་ཤོས་ཡོད་པས་ཁོ་ཚོས་བཤད་ན་ཆོག་པ་ཡིན།
ལོ20ཡི་གོང་ལྕགས་ལམ་བསྐོར་ནས་ཨ་མདོ་བརྒྱུད་དེ་བསྐྲུན་པ་དང་། ལོ20ཡི་རྗེས་སུ་བྲག་སྨུག་ཏུ་སླར་ཡང་འབབ་ཚུགས་གསར་པ་ཞིག་མང་དུ་ཕྱིན་ཡོད། དེ་བས་རྒྱང་རིང་བའི་ས་ཆར་ལྷ་ཉིང་ལྕགས་ལམ་ཤར་གཏོང་དང་ཁྲོན་བོད་ལྕགས་ལམ་རྒྱུན་མཐུད་ནས་སྐྲུན་བཞིན་ཡོད་པས“མཁའ་ལམ”གྱི་ལམ་ཐིག་མི་རིང་བར་ཕྱོགས་བཞི་མཚམས་བརྒྱད་ལ་བསྲིངས་ཐུབ་ཡོད་པ་རེད།
བགྲེས་སོང་སྐལ་བཟང་ཚེ་རིང་གིས། སྔོན་ཆད་ལྕགས་ལམ་ནི་རྒྱུད་མེད་ཀྱི་དངོས་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱང་། ད་ཆ་དེ་ནི་འཚོ་བའི་ཆ་ཤས་སུ་གྱུར་བར་ངོས་འཛིན་བཞིན་ཡོད། ཉིན་ལྟར་མེ་འཁོར་གྱི་དུང་བརྡ་ཐོས་ཚེ་གཞི་ནས་སེམས་ལྷོད་ལ་བབས་ཀྱི་ཡོད།
འཛམ་གླིང་ཡང་རྩེའི་མཁའ་ལམ་འདི་ཉིད་ལོ20ཡི་རིང་ལ། ཆེད་མངགས་ཨ་མདོ་བརྒྱུད་ནས་བསྐྲུན་པ་ནི། མི་དམངས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་པའི་ཆེད་དུ་ཡིན་པ་དང་། ལྕགས་ལམ་འདི་ཉིད་ད་དུང་ཡང་རྒྱང་རིང་གི་གནས་སུ་སྣུར་སྲིང་བྱེད་བཞིན་ཡོད་པ་ནི། སྐྱེ་འགྲོ་ཀུན་རང་རང་གི་ཕུགས་བསམ་དེ་དག་མདུན་དུ་ཡོད་པའི་ཕྱིར།