ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་དུས་རབས་གསར་པར་ཁྱོན་ཡོངས་ནས་ཏང་ནན་པོས་བསྐྱངས་པའི་གྲུབ་འབྲས་རླབས་པོ་ཆེ་དང་ཉམས་མྱོང་རྩ་ཆེན་ལ་ཕྱོགས་བསྡོམས་གཏིང་ཟབ་བྱས་ཡོད་ཅིང་། དེ་ནི་ཏང་གི་སྲིད་སྐྱོང་གནས་བབ་སྲ་བརྟན་དུ་གཏོང་བ་དང་། ཏང་གི་ལས་འགན་དང་འགན་འཁྲི་མངོན་འགྱུར་ཡོང་བར་བྱེད་པའི་ཐད་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། དམག་ཡོངས་ཀྱི་དཔོན་དམག་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་བཞིན་ཡོད་པ་དང་། ཚང་མས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཐོག ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཁྱོན་ཡོངས་ནས་དམག་དཔུང་ནན་པོས་སྐྱོང་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། ཏང་གིས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱ་རྒྱུ་གཡོ་འགུལ་སྤུ་ཙམ་མེད་པར་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ། རྒྱུགས་ལེན་གྱི་ལམ་བུ་གསར་པའི་ཐོག་རྒྱུགས་ལན་དེ་བས་ཡག་པོ་འདེབས་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་《གཏན་འབེབས་》ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་སྟོབས་ཆེར་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་གང་ལེགས་མཚོན་པ་དང་། དུས་རབས་གསར་པར་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་རྣམ་པ་གསར་པ་སྔར་བས་གཏོད་རྒྱུ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཁྱོན་ཡོངས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་སྐུལ་འདེད་གཏོང་རྒྱུར་དངོས་ཡོད་ཀྱི་དོན་སྙིང་དང་ཕུགས་ཀྱི་མཛུབ་ཁྲིད་དོན་སྙིང་གལ་ཆེན་ལྡན་ཡོད། དམག་ཡོངས་ཀྱི་དཔོན་དམག་ཚོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་རྒྱུ་དེ་ནི་རང་དམག་གི་ངོས་ནས་བརྗོད་ན་ཏང་གི་བཀའ་ལ་ཉན་པ་དང་། ཆབ་སྲིད་ཐད་བློ་དཀར་སེམས་དཀར་བྱེད་པའི་རྩ་བའི་གནད་དོན་དེ་དམ་འཛིན་བྱས་ནས། རང་དམག་གི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན་ཞེས་བརྗོད་ཡོད།
ཀྲུང་དབྱང་དམག་ཨུད་རྒྱལ་སྲུང་སྐུལ་སློང་པུའི་ཆབ་སྲིད་ལས་དོན་ཅུས་ཀྱི་མའོ་ཕེང་གིས། ང་ཚོས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི་” ཟབ་ཏུ་གཏོང་བ། “བློ་སྤོབས་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་” ཐུབ་པར་བྱེད་པ། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་བཅས་བྱས་ནས། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་དེ་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་གི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོའི་ཐོག་མངོན་པར་བྱེད་དགོས་པ་དང་། ཆབ་སྲིད་ལ་དང་དོད་དང་། རྒྱལ་ཁ་ལེན་པར་བརྩོན་ལེན། ཞབས་འདེགས་ཡག་པོ་ཞུ་བ། མིག་དཔེ་ཡག་པོ་སྟོན་པ་བཅས་བྱས་ཏེ། ལྕགས་ལྟར་མཁྲེགས་པའི་དད་མོས་དང་། དད་སེམས། སྒྲིག་ཁྲིམས། འགན་ཁུར་བཅས་ལྡན་པའི་དམག་ཨུད་ལས་ཁུངས་འཛུགས་སྐྱོང་བྱས་ནས། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཁྱོན་ཡོངས་ནས་དམག་དཔུང་ནན་པོས་སྐྱོང་བའི་“རུ་སྟར་དང་པོ་”དེ་ཡག་པོ་སྐྱོད་དགོས་ཞེས་བརྗོད་ཡོད།
སྐམ་དམག་ཚོགས་པའི་དམག་83གྱི་ “དམར་དམག་བརྒྱ་ཤོག་དང་པོ་”ཡི་ཝུའུ་ཧྲུའེ་ཡིས། 1927ལོར་སན་ཝན་བཅོས་སྒྲིག་བྱས་རྗེས། ང་ཚོའི་བརྒྱ་ཤོག་གིས་དམག་ཡོངས་ཀྱི་བརྒྱ་ཤོག་ཏང་ཀྲི་པུའུ་དང་པོ་དེ་བཙུགས་ཡོད། དམར་དམག་གི་རྒྱུན་འཛིན་པ་ཡིན་པའི་ངོས་ནས་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་བརྒྱ་ཤོག་འཛུགས་པ་དང་མི་སྣ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ནང་དོན་འཁྱོལ་བྱས་ནས། ཏང་ཀྲི་པུའུ་དེ་སྲ་ཞིང་བརྟན་པའི་འཐབ་འཛིང་བཙན་རྫོང་ཞིག་ཏུ་བསྐྲུན་ཏེ། ཏང་གཤིས་ཀྱི་རྩ་དོན་བརྟན་པོར་འཛུགས་པ་དང་། ཏང་གཤིས་བརྟན་པོར་བརྟེན་ནས་རང་ཚུགས་དང་འཇོན་ཐང་ཆེ་རུ་གཏོང་བ་དང་། ལས་སྒྲུབ་བྱ་གཞག་གཏོད་དགོས་ཞེས་བརྗོད་ཡོད།
རྒྱལ་སྲུང་ཚན་རྩལ་སློབ་ཆེན་གྱི་ལིའུ་དབྱང་གཡོད་ཀྱིས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་ཆེད་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གཤིས་སློབ་གསོ་དེ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ། གཞོན་ནུ་སློབ་མ་རྣམས་ཚན་རྩལ་གྱི་ཡང་རྩེར་དཔའ་ངར་ཆེན་པོས་འཛེགས་པ་མ་ཟད། བློ་དཀར་སེམས་དཀར་གྱི་བླ་སྲོག་དེ་བས་བརྟན་དུ་བཏང་ནས། འབད་བརྩོན་ཆེན་པོས་བླ་སྲོག་ལྡན་པ་དང་། འཇོན་ཐང་ལྡན་པ། སེམས་ཤུགས་ལྡན་པ། ཀུན་སྤྱོད་ལྡན་པ་བཅས་ཀྱི་དུས་རབས་གསར་པའི་གསར་བརྗེའི་དམག་མི་ཞིག་ཏུ་འཚར་ལོངས་ཡོང་བར་ཁྲིད་སྟོན་བྱེད་དགོས་ཞེས་བརྗོད་ཡོད།
མི་དམངས་དམག་དཔུང་གི་ཏང་འཛུགས་སྐྱོང་ནི་ཏང་འཛུགས་སྐྱོང་གི་རླབས་ཆེའི་ལས་གཞི་གསར་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རང་དམག་གི་ལས་དོན་ཡོངས་རྫོགས་ལེགས་པར་སྒྲུབ་པའི་རྩ་བའི་འགན་ལེན་ཞིག་ཀྱང་ཡིན། སྲིད་འཛིན་ཏང་གི་ཆབ་སྲིད་ལས་འགན་ལག་བསྟར་བྱེད་མཁན་དྲག་ཆས་ཚོགས་པ་ཞིག་ཡིན་པའི་ངོས་ནས། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བར། དམག་དཔུང་གིས་ངེས་པར་དུ་གི་ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་པ་བྱེད་དགོས། ཀྲང་ཡིའུ་ཞ་དང་ལིའུ་ཀྲེན་ལི་སོགས་དམག་དཔུང་གི་རུལ་སུངས་པར་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་དེའི་ཐོག་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐར་ཕྱིན་པ་བྱེད་པའི་རྣམ་འགྱུར་གསལ་པོ་ཡིན་པ་གང་ལེགས་མཚོན་པ་དང་། རུལ་སུངས་ལ་ཆད་གཅོད་བྱ་རྒྱུར་བཀག་སྡོམ་ཁུལ་མེད་པར་ཁྱོན་ཡོངས་ལ་ཁྱབ་ནས་བཟོད་སྒོམ་གཏན་ནས་མི་བྱེད་པ་དང་དམག་དཔུང་ནང་རུལ་སུངས་པ་གབ་སྡོད་བྱེད་ས་གཏན་ནས་ཡོད་མི་རུང་བའི་ལངས་ཕྱོགས་བརྟན་པོ་སླར་ཡང་མངོན་ཡོད། དམག་ཡོངས་ཀྱི་དཔོན་དམག་ཚོས་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ཏེ། མགྲིན་གཅིག་ཏུ་དེ་ནི་དམག་དཔུང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་གཏོར་དམག་འཐབ་དང་ཡུན་རིང་དམག་འཐབ། སྤྱི་ཡོངས་དམག་འཐབ་བཅས་ཀྱི་རྒྱལ་ཁ་གལ་ཆེན་ཞིག་ཡིན་པས། མི་དམངས་དམག་དཔུང་གི་དྭངས་གཙང་གཟི་བརྗིད་སྲ་བརྟན་དུ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་དང་། ནུས་ཤུགས་ཡོད་རྒུས་ཕྲག་ཐོག་ཏུ་འཁུར་བའི་འགན་འཁྲི་དང་ལས་འགན་ལེགས་པར་བསྒྲུབ་རྒྱུ་ཡིན་ཞེས་བརྗོད་འདུག
དབུས་རྒྱུད་འཐབ་ཁུལ་ཆབ་སྲིད་ལས་དོན་པུའུ་ཡི་ལིའུ་ཤིན་གྱིས། ཏང་གི་བལྟོས་མེད་འགོ་ཁྲིད་འོག་གི་མི་དམངས་དམག་དཔུང་ཞིག་ཡིན་པའི་ངོས་ནས། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པའི་འགག་རྩ་ནི་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ཆབ་སྲིད་སྦྱོང་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྒྱུན་མཐུད་ངང་སྤྱོད་ཚུལ་ལེགས་བཅོས་དང་། སྒྲིག་ལམ་ནན་པོ། ལྐོག་ཟ་རུལ་སུངས་ལ་ཆད་པ་གཅོད་པ། རང་ངོས་གསར་བརྗེ་བྱེད་པའི“སྣ་འདུས་ཐབས་བཟང་”ཡག་པོ་སྤྱོད་པ་བཅས་བྱས་ཏེ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་ཕན་འབྲས་དངོས་དཔུང་སྡེའི་འཛུགས་སྐྱོང་ཁྲོད་མངོན་པར་བྱས་ནས། དམག་དཔུང་སྟོབས་ཆེ་དང་དར་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་དབང་ཆ་ཐོབ་པ་བྱ་རྒྱུར་ཐུག་ཡོད་ཅེས་བརྗོད་འདུག
མེ་ཤུགས་འཕུར་མདའི་དམག་གི་པུའུ་ག་གེ་མོའི་པན་སའེ་ཡིས། རུ་སྣེ་ཁྲིད་པར་སྔོན་ལ་ཏང་གཤིས་བརྟན་པོ་ཡོད་དགོས། རྒྱལ་ཁབ་ཆེན་པོའི་གོ་མཚོན་གལ་ཆེན་བཀོད་སྤྱོད་བྱེད་མཁན་ཞིག་ཡིན་པའི་ངོས་ནས། ང་ཚོས་ངེས་པར་དུ་རྒྱུན་རྣམ་ཅན་གྱི་ཆབ་སྲིད་དག་ཐེར་སྦྱོང་བརྡར་ལ་དམ་འཛིན་ཏན་ཏིག་བྱས་ཏེ། དད་མོས་བརྟན་གཏོང་དང་། ཏང་གཤིས་ལ་ཞུན་བརྡར་བྱེད་པ། དམག་དཔུང་གི་བླ་སྲོག་གཏོད་པ་བཅས་བྱས་ནས། ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁྲི་འཁུར་བ་བཅས་བྱེད་པ། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་ནས། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་རྒྱལ་ཁབ་ཆེན་པོའི་གོ་མཚོན་གལ་ཆེན་བཀོལ་སྤྱོད་ཡག་པོ་བྱེད་པ་དང་། རྒྱལ་དར་དམངས་བདེ་ཡོང་རྒྱུར་སྲུང་སྐྱོང་བྱེད་དགོས་ཞེས་བརྗོད་འདུག
མཚོ་དམག་གི་ཧུང་ཧོ་དམག་གྲུའི་ཧྥུ་ཀྲི་ཡོན་གྱིས། ནན་པོ་བྱས་ན་གཞི་ནས་སྒྲིག་ཁྲིམས་ནན་དུ་གཏོང་ཐུབ་པ་དང་། ནན་པོ་བྱས་ན་གཞི་ནས་དམག་དཔུང་གི་ཟིལ་ཤུགས་གཏོད་ཐུབ་པ། ནན་པོ་བྱས་ན་གཞི་ནས་འཐབ་འཛིང་གི་ནུས་པ་ཐོན་ཐུབ། ཐག་རིང་རྒྱ་མཚོ་ཆེན་པོར་ལོ་མང་འབད་འཐབ་བྱེད་པའི་དམག་ཧྲག་ཅིག་ཡིན་པའི་ངོས་ནས། ལས་ཁུངས་དང་བཅའ་སྡོད་བྱ་ཡུལ་དང་རྒྱང་ཐག་ཇི་ཙམ་རིང་བའི་སྐབས་སུ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ལམ་ལུགས་ཁག་དོན་འཁྱོལ་དེ་ཙམ་གྱིས་ནན་པོ་བྱེད་དགོས་པ་དང་། དམག་གྲུ་གང་དུ་བཏང་ཚེ། སྒྲིག་ཁྲིམས་ཀྱི་གཅུན་སྡོམ་དེ་གར་སླེབས་ཐུབ་པ་དང་ལྟ་སྐུལ་སྒྲིག་བསྟར་དེ་གར་སླེབས་ཐུབ་པ་བྱས་ཏེ། ཉམས་སད་ཐེག་ཐུབ་པའི་ཏང་སྲོལ་ལ་བརྟེན་ནས་ཉམས་སད་ཐེག་ཐུབ་པའི་དམག་གྲུའི་དར་སྲོལ་འཛུགས་པ། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱིས་བཀའ་བཏང་མ་ཐག འཕྲལ་མར་དམག་འཐབ་བྱེད་ཐུབ་པ་དང་། དམག་འཐབ་བྱས་ཚེ་རྒྱལ་ཁ་ཐོབ་ངེས་ཡིན་པར་འགན་ལེན་བྱེད་དགོས་ཞེས་བརྗོད་འདུག
མཉམ་འབྲེལ་མཁོ་སྒྲུབ་འགན་ལེན་དཔུང་སྡེའི་ཅིན་ཕེང་གིས། སྤྱོད་གཙང་གཞུང་དྲང་ཡང་འཐབ་འཛིང་གི་ནུས་པ་ཡིན། ང་ཚོས་སྲུང་སྐྱོབ་བྱས་པ་ནི་དམག་ཡོངས་ཀྱི་མཁོ་སྤྲོད་འགན་སྲུང་གི་རྒྱབ་ཕྱོགས་ཆེན་པོ་ཡིན་པ་དང་། གཏོང་ལེན་གསོག་འཇོག་དོ་དམ་དང་། སྨན་བཅོས་སྐྱོབ་བཅོས། ལས་གཞི་འཛུགས་སྐྲུན་བཅས་ཀྱི་བརྒྱུད་རིམ་ཆ་ཚང་གཡུལ་ས་དང་འབྲེལ་ཡོད་པ་དང་། རྒྱལ་ཁ་ཐོབ་མིན་དང་འབྲེལ་བ་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ངེས་པར་དུ་སྒྲིག་ཁྲིམས་ཀྱི་འགོག་སྲུང་འཛིང་རགས་ནན་སྲུང་དང་དམག་གྲབས་ཀྱི་རྨང་གཞི་བརྟན་སྲུང་བྱས་ཏེ། དངོས་ཟོག་རེ་རེ་ཚང་མ་གཡུལ་ས་མདུན་མར་སླེབས་ཐུབ་པ་དང་འགན་ལེན་ཚང་མས་རྒྱལ་ཁར་འདེགས་སྐྱོར་ཐུབ་པ་བྱེད་དགོས་ཞེས་བརྗོད་འདུག
ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་ནམ་ཡང་ལམ་དུ་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བར་བརྩི་སྲུང་ཞུ་དགོས་པའི་རྩ་དོན་དོན་ཚན་བདུན་གསལ་འགྲེལ་བྱས་པ་དང་། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་རྒྱུའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། དམག་ཡོངས་ཀྱི་དཔོན་དམག་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། རང་རྟོགས་ངང་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སྤྱད་དེ་དམག་དཔུང་གི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བ། ལས་ཀའི་འཇུག་སྒོ་དང་ཤུགས་རྒྱག་ས་ཡང་དག་འཚོལ་བ། སློབ་སྦྱོང་གི་ཕན་འབྲས་དེ་དམག་གྲབས་དམག་རྒྱག་ལ་དམིགས་པ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱེད་ཐབས་སུ་འགྱུར་བ་བྱེད་པ། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱེད་པ་བཅས་ལ་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
མཁའ་དམག་གི་“ཝང་ཧའེ་རུ་ཆེན་”གྱི་ལི་ཏེ་པིང་གིས། འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བའི་སྐབས་འདིར། ང་ཚོས་དུས་བབ་ཇི་ཙམ་གྱིས་རྙོག་འཛིང་ཆེ་རུ་འགྲོ་བ་དང་། ལས་འགན་ཇི་ཙམ་གྱིས་དཀའ་ཚེགས་ཆེ་རུ་འགྲོ་དུས་དེ་བས་ཀྱང་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་ཏང་གི་བྱ་གཞག་གི་རྩ་བའི་སྔོན་འགྲོར་བརྩིས་ནས་དམ་འཛིན་བྱ་དགོས་པ་དང་། མཁའ་དབྱིངས་སུ་འཕུར་ཐེངས་རེ་རེ་དམག་འཐབ་དངོས་ལ་བརྩིས་ནས། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་རྒྱུ་དང་དམག་སྦྱོང་དམག་གྲབས་ལ་ཞབས་ཞུ་སྒྲུབ་པའི་འོས་འགན་དང་འགན་འཁྲི་མཉམ་འདྲེས་གཏིང་ཟབ་ཐུབ་པར་བྱས་ཐོག ཏང་གི་བཀའ་ལ་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་དམག་ཧྲག་འཛུགས་སྐྱོང་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
དྲག་ཆས་ཉེན་རྟོག་པེ་ཅིང་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་ག་གེ་མོའི་ཧྲན་ལིན་གྱིས། པེ་ཅིང་དུ་བཅའ་སྡོད་བྱས་པའི་དཔུང་སྡེ་ཞིག་གི་ངོས་ནས་བཤད་ན། ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱ་རྒྱུ་ནི་ང་ཚོའི་ཚེ་སྲོག་གི་རང་མདངས་དང་། འོས་འགན་གྱི་རང་མདངས། འབད་འཐབ་ཀྱི་རང་མདངས་བཅས་ཡིན། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་སྤྲོ་སེམས་དེ་ལྷག་བསམ་དག་པའི་སྒོ་ནས་འགན་འཁྲི་སྒྲུབ་པའི་བྱ་སྤྱོད་དངོས་ལ་བསྒྱུར་ནས། དཔུང་སྡེའི་བླང་བྱ་ཁྱོན་ཡོངས་ནས་ནན་ཏུ་གཏོང་བ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་གཅིག་གྱུར་སྣེ་ཁྲིད་བྱེད་པ། རིམ་པ་གཅིག་གིས་གཅིག་ལ་སྣེ་ཁྲིད་ནས་ལས་དོན་སྒྲུབ་པ་དང་། རིམ་པ་གཅིག་གིས་གཅིག་ལ་མིག་དཔེ་སྟོན་པ་བཅས་བྱས་ནས། ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་ཁག་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
རྒྱལ་སྲུང་སློབ་གྲྭ་ཆེན་མོའི་ལེའུ་ཝན་ཞ་ཡིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་བློ་བརྟན་འགྱུར་མེད་ངང་སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་དུ་བཏང་བ་དང་། རུལ་སུངས་ལ་ངོ་རྒོལ་དང་ངན་པར་ཆད་གཅོད་བྱས་པས། རང་ངོས་གསར་བརྗེ་ཞེས་པའི་ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་ཐར་བར་བྱེད་པའི་ལན་གཉིས་པ་དེ་རྙེད་ཡོད། མི་དམངས་དཔུང་སྡེའི་ངོས་ནས་བཤད་ན། ཏང་གི་བལྟོས་མེད་འགོ་ཁྲིད་དེ་དཔུང་སྡེ་འཛུགས་སྐྱོང་གི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཡོངས་ལ་ཁྱབ་པར་བྱེད་པ་དང་། དམིགས་འབེན་གྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུད་འདེད་བཏང་ནས་གོང་འཕེལ་གྱི་བརྒྱུད་རིམ་ཁྲོད་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཐག་གཅོད་བྱེད་པ། མེ་མདའ་ནམ་ཡང་ཏང་ལ་བློ་དཀར་སེམས་དཀར་བྱེད་མཁན་གྱི་བློས་འགེལ་ཆོག་པའི་མིའི་ལག་ཏུ་འཛིན་རྒྱུར་འགན་སྲུང་བྱེད་པ་བཅས་བྱས་ནས། གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉེར་གཅིག་པ་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་བརྗོད་འདུག