དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་བོད་ཀྱི་ལས་རིགས་ཁག་ཏུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

སྤེལ་དུས 2021-03-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
         ཟླ་2ཚེས་25ཉིན། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་རླབས་ཆེན་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་ཚད་དང་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་མི་སེམས་ལ་ལྕག་སྐུལ་ཐེབས་པ་ཞིག་ཡོད་པས་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས། ངེས་པར་དུ་རླབས་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། ནམ་ཡང་ལྷོད་གཡེང་མི་གཏོང་བའི་བསམ་པའི་ཉམས་འགྱུར་དང་། ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཀྱི་རྣམ་པ། དངོས་འཛིན་དངོས་སྒྲུབ། དཀའ་སྤྱད་སྙིང་རུས་བཅས་བྱས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག “ང་ཚོས་རང་རྒྱལ་གྱི་རྒྱལ་བབ་ལ་གཞི་ཚུགས་པ་དང་དབུལ་པོ་ཉུང་གཏོང་གི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ། རྒྱུན་གཏན་ལས་བརྒལ་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་སྤྱོད་གོ་ཆོད་པའི་སྲིད་ཇུས་ཀྱི་མ་ལག་དང་། ལས་དོན་གྱི་མ་ལག ལམ་ལུགས་ཀྱི་མ་ལག་བཅས་ཆ་ཚང་ཞིག་བཙུགས་པ་དང་། དབུལ་པོ་ཉུང་གཏོང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་བུར་བསྐྱོད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་ཟློག་རིགས་པའི་གཞུང་ལུགས་གྲུབ་ཡོད”ཅེས་གསུངས་པ་རེད།
         དེའི་ཐད་བོད་ལྗོངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཁང་ཡུས་ཧོན་གྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོཌ་གསལ་སྟོན་གནང་བ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། མཐོ་སློབ་ཀྱི་དགེ་རྒན་ཞིག་ཡིན་པ་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། གོམ་སྟབས་རྗེས་མར། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས‘འདུ་ཤེས་བཞི’ཟབ་ཏུ་གཏོང་བ་དང་། ‘གདེང་ཚོད་བཞི’བརྟན་དུ་གཏོང་བ། ‘སྲུང་སྐྱོང་གཉིས’ཐུབ་པ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་ཁང་གི་སློབ་ཁྲིད་ནང་དོན་འཁྱོལ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ཡིན”ཞེས་བཤད།
         ཚེས་25ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག ཧྭ་གློག་བོད་ལྗོངས་ནུས་རྒྱུ་ཚད་ཡོད་ཀུང་སི་དབུལ་སྐྱོར་བོད་སྐྱོར་གཞུང་ལས་ཁང་ལ“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་པ་རེད།
         སྔར་ནས་ད་བར་ཀུང་སི་དེས་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་མཐའ་འཁྱོངས་བཏང་སྟེ། “མངོན་གསལ་དོད་པ་གསུམ་དང་སྤྱི་འདོམས་གཅིག”གི་བསམ་ཕྱོགས་གཞིར་བཟུང་དབུལ་སྐྱོར་སྒྲིག་འཛུགས་དང་གསར་གཏོད་ལ་སྐུལ་འདེད་བཏང་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1138ཀྱི་དབུལ་སྒྲོལ་ལ་ཐད་ཀར་སྐུལ་ཁྲིད་བྱས་པ་དང་། མང་ཚོགས་དབུལ་པོ་4000ལྷག་ཙམ་གྱི་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རིང་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་མངོན་པར་བྱས་ཡོད།
         ཧྭ་གློག་བོད་ལྗོངས་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ལག་བསྟར་ཏུང་ཧྲེ་ཅང་ཞའོ་མིང་གིས། གཟི་བརྗིད་མཚན་སྙན་འདི་ནི་ང་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་རམ་འདེགས་བྱེད་པའི་བྱ་དགའ་ཆེ་ཤོས་ཤིག་ཡིན་ལ། ང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ཁག་ཡག་པོ་ཏན་ཏིག་སྒྲུབ་པར་ལྕག་སྐུལ་ནུས་ལྡན་བྱས་པ་ཞིག་རེད། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ལས་རིགས་དང་། གཞི་རྒྱུ། ཐོན་ལས་སོགས་ཀྲུང་དབྱང་ཁེ་ལས་ཀྱི་ལེགས་ཆ་རྒྱུན་མཐུད་འདོན་པ་དང་། ‘གོང་འོག་སེམས་མཐུན་དང་། ཧྲག་དམག་ཡོངས་འདོན། གནད་སྨིན་དངོས་སྒྲུབ། གསར་འབྱེད་གསར་གཏོད། འགག་སྒྲོལ་དཀའ་སེལ། མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ’བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། བབ་བསྟུན་འཕྲལ་སྒྲུབ་དང་། ཡང་འབད་བསྐྱར་འབད། རྒྱུན་མཐུད་འབད་འཐབ་བཅས་བྱས་ཏེ། ཆོད་སེམས་དེ་བས་ཆེ་བ་དང་ལས་དོན་སྤེལ་ཤུགས་དེ་བས་ཆེ་བའི་སྒོ་ནས་བོད་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་དང་བོད་ཀྱི་དཔལ་འབྱོར་འཛུགས་སྐྱོང་དང་དམངས་འཚོ་ལེགས་བཅོས་ཀྱི་བྱ་གཞག་རླབས་ཆེན་ལ་ཞུགས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན”ཞེས་བཤད།
         “རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གཞི་རིམ་གྱི་ལས་བྱེད་པ་ཚོར་གཟེངས་བསྟོད་འཐོབ་པ་མཐོང་སྐབས། ང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་ལ། རང་ཉིད་དབུལ་སྒྲོལ་གྱི་འཐབ་ས་དང་པོའི་གཞི་རིམ་གྱི་ལས་བྱེད་པ་ཞིག་གི་ངོས་ནས་སྤོབས་པ་ཆེན་པོ་སྐྱེས་བྱུང་། ཕྱིན་ཆད་ངས་མུ་མཐུད་གཞི་རིམ་དུ་གཞི་ཚུགས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་གྲུབ་འབྲས་ཐོན་ལས་ཀྱི་ལེགས་ཆར་སྒྱུར་བ་དང་། ཐོན་ལས་ཀྱི་བཀོད་པ་སྔར་བས་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་རྒྱ་སྟོབས་ཆེར་སྐྱེད་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་ལས་འཕེལ་རྒྱས་སྤུས་ལེགས་ནུས་ཆེར་སྐུལ་འདེད་གཏོང་བ། མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་ལོངས་སྤྱོད་ཡོང་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མག་མག་ཤང་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཁྲུའུ་ཧྲོའུ་ལུང་གིས་བཤད།
རྩོམ་སྒྲིག་པ། སངས་སྐྱབས།