དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བརྡ་ཁྱབ།

སྤེལ་དུས 2021-03-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
དཔྱིད་ཀ་ནི་མེ་ཏོག་སྣ་ཚོགས་རྣམ་པར་བཞད་པའི་དུས་ཚིགས་ཡིད་དུ་འོང་བ་ཞིག་ཡིན་ལ། 
ཡུལ་སྐོར་ལྗོངས་རྒྱུ་ལ་ཤིན་ཏུ་འཚམ་པའི་དུས་ཚིགས་ཤིག་ཀྱང་ཡིན།
གལ་ཏེ་ང་ཚོ་ལྷ་སར་ཡུལ་སྐོར་དུ་འགྲོ་བར།
གནས་གང་ཞིག་ལེགས་པོ་ཡོད་དམ་ཞེ་ན།
དེ་ནི་རྔམ་བརྗིད་ལྡན་པའི་ཕོ་བྲང་པོ་ཏ་ལ་ཡིན་པ་གོར་མ་ཆག
འདི་ནས་ཚང་མར་གཏམ་བཟང་ཞིག་བཤད་ཡ།
ཟླ་འདིའི་ཚེས15བར་དུ།
ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་ན་སྔར་བཞིན་རིན་མེད་རེད།
        ཕོ་བྲང་པོ་ཏ་ལའི་ལྗོངས་ཁུལ་དེ2021ལོའི་ཟླ2པའི་ཚེས26ཉིན་ནས་བཟུང་ལྟ་སྐོར་གྱི་དུས་ཚོད་ལེགས་སྒྲིག་བྱས་ཡོད། ཕོ་བྲང་པོ་ཏ་ལའི་བཟོ་བཀོད་ལ་གནོན་ཤུགས་ཆེ་དྲགས་པའི་གནས་ཚུལ་མི་ཐོན་ཆེད། ལྟ་སྐོར་གྱི་སྒྲིག་ལམ་ཡག་པོ་སྲུང་བ་དང་ཡུལ་སྐོར་བས་ལྟ་སྐོར་གྱི་དུས་ཚོད་གཅིག་སྡུད་བྱས་ཏེ།  ལྟ་སྐོར་དུས་ཚོད་དེ་གནས་སྐབས་སུ་ཞོགས་པའི་ཆུ་ཚོད9ནས་ཕྱི་དྲོའི་ཆུ་ཚོད3:40བར་གཏན་འཁེལ་བྱས་ཡོད་པ་དང་། གལ་ཏེ་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་ཚེ་སྒོ་འབྱེད་པའི་དུས་ཚོད་ལེགས་སྒྲིག་བྱས་ཏེ་རིམ་བཞིན་ཇེ་རིང་དུ་གཏོང་རྒྱུ་ཡིན་ལ། ཡུལ་སྐོར་བ་མི་ཐེངས5000ཟིན་སྐབས་ལམ་ཐིག2པའི་སྒོ་ཕྱེ་ནས་སྣེ་ལེན་བྱེད་ཚད་མང་དུ་གཏོང་རྒྱུ་རེད།
        ལྟ་སྐོར་བས་ཉིན་གཅིག་གི་སྔོན་དུ“ཕོ་བྲང་པོ་ཏ་ལའི་སྤ་སེའི་ལས་དོན་གྱི་སྔོན་མངགས་མ་ལག”སྟེ་སྐད་འཕྲིན་གྱི་བྱ་རིམ་ཆུང་བ་ནས་སྤ་སེ་མངག་ཉོ་བྱེད་དགོས།
གཞན་ཡང་།
ཟླ3པའི་ཚེས3ཉིན་ནས་བཟུང་།
ཕོ་བྲང་པོ་ཏ་ལའི་ལྷོ་སྒོ(སྒོ་ཆེན)གནས་སྐབས་སུ་སྒོ་རྒྱག་རྒྱུ་ཡིན་པས།
ཕོ་བྲང་པོ་ཏ་ལར་ཡུལ་སྐོར་དུ་ཡོང་མཁན་ཚོ།
ཕོ་བྲང་པོ་ཏ་ལའི་ཤར་སྒོ་ནས་ཕེབས་རོགས་ཞུ།
        གུས་པར་འོས་པའི་རྒྱ་ཆེའི་ཡུལ་སྐོར་བ་དག་གི་སྙན་ལམ་དུ།
        ལྷ་ས་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱིས“ཕོ་བྲང་པོ་ཏ་ལའི་ཐང་ཆེན་བྱང་ངོས་ཀྱི་རྡོ་ལེབ་བགྲོད་ལམ་སྒྱུར་བཀོད་ཨར་ལས”བདེ་བླག་ངང་ལག་བསྟར་བྱ་ཆེད། ཟླ3པའི་ཚེས3ཉིན་ནས་བཟུང་ཕོ་བྲང་པོ་ཏ་ལའི་ལྷོ་སྒོའི(སྒོ་ཆེན)སྒོ་རེ་ཞིག་རྒྱག་་རྒྱུ་ཡིན་པས་ཕོ་བྲང་པོ་ཏ་ལར་ཡུལ་སྐོར་དུ་ཡོང་མཁན་ཚོ་ཕོ་བྲང་པོ་ཏ་ལའི་ཤར་སྒོ་ནས་ཕེབས་རོགས་ཞུ། དེ་ལས་ཁྱེད་ལ་སྟབས་མི་བདེ་བ་བཟོས་པར་དགོངས་དག་ཞུ་བ་མ་ཟད་ཕན་ཚུན་ལ་བརྡ་གཏོང་རྒྱུ་བཀའ་དྲིན་ཆེ་ཞུ།
                                 ཞེས་ཆེད་དུ་བརྡ་ཁྱབ་འདི་བཏང་བ་ཡིན།

                                                                                             ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ།
                                                                                           སྤྱི་ལོ2021ལོའི་ཟླ3པའི་ཚེས1ཉིན།