ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

གནམ་གྲུ་ཐང་དུ་སླེབས་ཚེ་གདོད་འགོག་བརྟག་དཔྱད་བྱེད་དགོས།

སྤེལ་དུས 2022-08-17 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
  གུས་པར་འོས་པའི་ཡུལ་སྐོར་པ་ཚོ། བོད་རང་སྐྱོང་ལྗོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་དོན་ཁང་གི་བརྡ་ཐོའི་བླང་བྱ་གསར་ཤོས་ལ་གཞིགས་ནས། བོད་ལྗོངས་ཀྱི་རིམས་ནད་དེ་དམངས་སྤྱོད་མཁའ་འགྲུལ་བརྒྱུད་ཕྱི་རོལ་དུ་མཆེད་པ་འགོག་པ་དང་ཆབས་ཅིག ཁྱེད་རང་དམངས་སྤྱོད་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུར་བསྡད་དེ་བདེ་འཇགས་དང་བདེ་བླག་ངང་བོད་ལྗོངས་ནས་ཁ་བྲལ་ཐུབ་པར་འགན་ལེན་བྱ་ཆེད། དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཀྱིས་ཛ་དྲག་གསལ་སྟོན་བྱས་པ་སྟེ།
  གཅིག 2022ལོའི་ཟླ་8ཚེས་16ཉིན་གྱི་མཚན་མོའི་ཆུ་ཚོད་12ནས་བཟུང་། འགྲུལ་པ་བོད་ལྗོངས་ནས་བྲལ་སྐབས“ཉིན་གསུམ་ལ་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས”(ཉིན་གསུམ་བསྟུད་མར་བར་ཐག་ཆུ་ཚོད་24ཡི་ནང་ཉིང་སྐྱུར་བརྟག་དཔྱད་ཐེངས་2བྱེད་དགོས)བྱས་པའི་སྲིབས་གཤིས་དཔང་རྟགས་དང་། བོད་ཀྱི་ཤར་བགྲོད་ཐུབ་པའི་ལྗང་མདོག་ཨང་རྟགས་ཡོད་དགོས། གནམ་ཐང་གི་གདོད་འགོག་བརྟག་དཔྱད་བྱས་འབྲས་སྲིབས་གཤིས་ཡིན་དགོས། 
  གཉིས། གདོད་འགོག་བརྟག་དཔྱད་ཀྱི་བརྒྱུད་རིམ་སྣོན་རྗེས་ཁྱེད་ཀྱི་འགྲོ་སྐྱོད་ལ་འགོར་འགྱངས་མི་ཡོང་ཆེད། འགྲོ་སྐྱོད་ཀྱི་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱས་ནས་མ་མཐར་ཡང་ཆུ་ཚོད་གསུམ་གྱི་སྔོན་ལ་གནམ་ཐང་དུ་འབྱོར་དགོས། དེ་ནས་ཁྱེད་ལ་སྟབས་མི་བདེ་བ་བཟོས་པར་དགོངས་འགལ་མེད་པར་ཞུ།
  ལྷ་ས་གོང་དཀར་གནམ་ཐང་གི་འདྲི་རྩད་ཁ་པར་ཨང་གྲངས། 96222
  ཆབ་མདོའི་སྤོམ་མདའ་གནམ་ཐང་གི་འདྲི་རྩད་ཁ་པར་ཨང་གྲངས། 0895-4623035
  ཉིང་ཁྲི་སྨན་གླིང་གནམ་ཐང་གི་འདྲི་རྩད་ཁ་པར་ཨང་གྲངས། 0894-5207901
  མངའ་རིས་ཁུན་ཧྲ་གནམ་ཐང་གི་འདྲི་རྩད་ཁ་པར་ཨང་གྲངས། 0897-2891888
  གཞིས་ཀ་རྩེའི་ཞི་བདེའི་གནམ་ཐང་གི་འདྲི་རྩད་ཁ་པར་ཨང་གྲངས། 0892-8848651
  དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཀྱི་ཞུ་གཏུག་ཁ་པར་ཨང་གྲངས། 18989997271