དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

ཡུན་ནན་སྤྲེའུ་སེར་གྱི་སྲུང་སྐྱོང་བྱ་བར་ཕན་འབྲས་ཐོབ་པ།

སྤེལ་དུས 2021-02-24 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་སྤྲེའུ་སེར་ནི་ཀྲུང་གོ་ཁོ་ནར་ཡོད་པའི་རྩ་ཆེ་ཞིང་སྟོང་ཉེན་ཆེ་བའི་སྲོག་ཆགས་རིགས་ཤིག་ཡིན་ལ། ཁྱུ་ཚོགས་ཀྱི་གྲངས་ཀ3000ཙམ་ཡོད་པ་གཙོ་བོ་ཡུན་ནན་ནུབ་བྱང་དང་བོད་ཤར་ལྷོའི་ས་ཁུལ་གྱི་མཐོ་གྲང་གདོད་མའི་ནགས་ཚལ་དུ་འཚོ་སྡོད་བྱེད་པ་དང་། དེ་ནི་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་མིང་བྱང་དམར་པོ་ནང་གི་སྟོང་ཉེན་ཆེ་བའི་སྲོག་ཆགས་རིགས་ཀྱང་ཡིན།
       ཡུན་ནན་སྤྲེའུ་སེར་ལ་སྲུང་སྐྱོང་བྱེད་པའི་ཆེད་དུ་ཡུན་ནན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱིས་སྤྱི་ཕན་རྩ་འཛུགས་དང་། ཚན་ཞིབ་ལས་ཁུངས་བཅས་དང་མཉམ་འབྲེལ་བྱས་ཏེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་མངའ་ཁོངས་ཡོངས་སུ་ཡུན་ནན་སྤྲེའུ་སེར་ལ་སྲུང་སྐྱོང་བྱེད་པའི་དྲ་བ་བཙུགས་ཡོད། 
       2020ལོའི་ལོ་མཇུག་བར་དུ་ཡུན་ནན་སྤྲེའུ་སེར་ལ་སྲུང་སྐྱོང་བྱེད་པའི་དྲ་བའི་ཁོངས་སུ་གཏོགས་པའི་ལས་ཁུངས20ལྷག་ལ་སླེབས་ཤིང་། བསྡོམས་པས་མ་དངུལ་སྒོར་ཁྲི1900བསྡུས་ནས། མངའ་ཁོངས་ཡོངས་སུ་སྤྲེའུ་སེར་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་བྱེད་པར་སྐུལ་འདེད་དང་། སྐོར་ཞིབ་དོ་དམ་དང་སྲུང་སྐྱོང་ནུས་ཤུགས་མཐོར་འདེགས། འཚོ་སྡོད་ས་གནས་ཉམས་གསོ་དང་བར་ཁྱམས་འཛུགས་སྐྲུན་སོགས་ཀྱི་ལས་དོན་ཐད་ཕན་ནུས་མངོན་གསལ་དོད་པོ་བྱུང་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།