དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

ཡུན་ནན་ཞིང་ཆེན་གྱིས་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི2444འཛུགས་སྐྲུན་བྱས།

སྤེལ་དུས 2021-03-24 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
           རྒྱལ་ཁབ་ཀྱིས་རྩིས་སྤྲོད་བྱས་པའི་ལས་འགན་ལྟར་ན། 2020ལོར་ཡུན་ནན་ཞིང་ཆེན་གྱིས་བསྡོམས་པས་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི2400འཛུགས་སྐྲུན་བྱེད་དགོས། 2020ལོའི་ཟླ12པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱིས་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི361འཛུགས་སྐྲུན་བྱས་པ་དང་། བསྡོམས་པས་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི2444འཛུགས་སྐྲུན་ལེགས་འགྲུབ་བྱས།
           ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས་རྒྱལ་ཁབ་ཀྱིས་བཏོན་པའི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་སྤྱིའི་དམིགས་འབེན་ལ་དམིགས་ཏེ། འཆར་འགོད་བཀོད་སྒྲིག་གཅིག་གྱུར་དང་འཛུགས་སྐྲུན་ཚད་གཞི་གཅིག་གྱུར། རྩ་འཛུགས་ལག་བསྟར་གཅིག་གྱུར། ལྟ་ཞིབ་དཔྱད་ཞིབ་གཅིག་གྱུར། པར་འགོད་མཛོད་འཇུག་གཅིག་གྱུར་བཅས་ཀྱི་བླང་བྱ་ལྟར། ཚད་ལྡན་དོ་དམ་ལ་ཤུགས་སྣོན་དང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཞིང་ཆེན་འདྲེན་ཁུལ་གཙོ་བོའི་ཆུ་རྐ་ཕྱིར་འབུད་མ་ལག་གི་སྒྲིག་ཆས་སྟབས་བདེ་རུ་གཏོང་བའི་རྨང་གཞིའི་སྟེང་། ཆུ་དང་ཞིང་། ལམ། རྐ། ནགས་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་བྱས་ཏེ། ས་གཞི་ཁོད་སྙོམས་བཟོ་བ་དང་ཞིང་ཆུ་འདྲེན་པ། ས་ཞིང་ནགས་དྲ་སོགས་ཀྱི་གཙོ་གནད་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལག་བསྟར་བྱས་ཏེ། བཟོ་སྐྲུན་རང་བཞིན་གྱི་བྱེད་ཐབས་དང་ལག་རྩལ་རང་བཞིན་གྱི་བྱེད་ཐབས་ལ་མཉམ་དུ་སྐུལ་འདེད་བཏང་།
           2012ལོར། ཡུན་ནན་ཞིང་ཆེན་གྱིས་དཔྱིད་དུས་ལས་གཞི་ལག་བསྟར་བྱེད་པའི་རྫོགས་ལྡན་དུས་སྐབས་དམ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་། ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་འཕེལ་རིམ་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་པས། ས་གནས་སོ་སོའི་འགན་འཁྲི་ཕྱོགས་ཡོངས་ནས་གཟབ་ནན་དུ་བཏང་སྟེ་ལྟ་སྐུལ་བཀོད་གཏོང་ལ་ཤུགས་སྣོན་བྱེད་པ་དང་། དུས་ལྟར་སྤུས་ཚད་མཐོ་བའི་སྒོ་ནས2021ལོའི་ལོ་འཁོར་གྱི་མུའུ་ཁྲི480ཡི་ལས་འགན་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱ་རྒྱུ་རེད།  །
རྩོམ་སྒྲིག་པ། བདེ་སྒྲོལ།