དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་པོ་ནི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉམས་ལེན་བྱེད་སའི་སྟེགས་བུར་བསྐྲུན་རྒྱུ་རེད།

སྤེལ་དུས 2021-03-26 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
          གསར་འགོད་པས་མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། “ལྔ་བཅུ་བཞི”སྐབས་སུ། རང་ཞིང་གིས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་སྟེ་མཚོ་སྔོན་པོའི་སྐྱེ་ཁམས་ཡུལ་སྐོར་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པར་མ་ཟད། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉམས་ལེན་དང་རང་བྱུང་སློབ་གསོའི་སྟེགས་བུ་ཞིག་ཏུ་བསྐྲུན་རྒྱུ་རེད།
          མཚོ་སྔོན་པོ་ནི་ཆུ་བྱའི་རྒྱུད་སྤེལ་ས་དང་གནས་སྤོ་རྒྱུ་ལམ་གྱི་ལྷུ་ཚིགས་གཙོ་བོ་ཡིན་ལ། རང་རྒྱལ་ནུབ་རྒྱུད་ཀྱི་གལ་ཆེ་བའི་ཆུ་ཁུངས་གསོག་འཇོག་གནས་དང་ཆུ་རླངས་འཁོར་རྒྱུག་བགྲོད་ལམ་ཡང་ཡིན་ལ། རང་ཞིང་གི“སྲུང་ཡོལ་གཅིག་དང་ས་རྒྱུད་གཉིས”ཀྱི་སྐྱེ་ཁམས་བདེ་འཇགས་ཆགས་སྟངས་གྲུབ་པའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། མིག་སྔར། རང་ཞིང་གིས《མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ལོ་གསུམ་འགུལ་སྐྱོད་འཆར་གཞིའི་མཚོ་སྔོན་པོའི་བྱ་བའི་ཇུས་གཞི》གཏན་འབེབས་བྱས་ཟིན། “2020ལོར་སྒྲིག་བཟོ་ཡོངས་འགྲུབ་བྱས་པའི《མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་སྤྱི་ཁོག་འཆར་འགོད》དང་། 2021ལོར་སྤེལ་བའི་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་དུ་རེ་ཞུ་བྱེད་པའི་བྱ་བ། 2022ལོར་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་པ”བཅས་ཀྱི་ལོ་གསུམ་འགུལ་སྐྱོད་དམིགས་འབེན་གཏན་འབེབས་བྱས་ཡོད།
          “ལྔ་བཅུ་བཞི”སྐབས་སུ། རང་ཞིང་གིས་མཚོ་སྔོན་པོའི་ཆུའི་སྐྱེ་ཁམས་བདེ་འཇགས་སྲོག་ཤིང་དུ་བརྩི་རྒྱུ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། ལྗང་མདོག་འཕེལ་རྒྱས་གསུམ་གཙོ་གནད་དུ་བརྩིས་ཏེ། མཚོ་སྔོན་པོའི་བཞུར་རྒྱུན་སྲུང་སྐྱོབ་མ་ལག་ཧྲིལ་པོ་སླར་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་པོ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གཙོ་བོ་བཙུགས་ནས། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་འཁྱགས་རོམ་བྱེ་ཐང་བཅས་ཕྱོགས་བསྡུས་བཅོས་སྐྱོང་གི་དཔེ་སྟོན་ཁུལ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་དཔེ་སྟོན་ཁུལ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་གསར་སྐྲུན་དཔེ་སྟོན་ཁུལ། ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ། ཕུལ་བྱུང་གི་སྐྱེ་ཁམས་རིག་གནས་རྒྱུན་འཛིན་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བཅས་འཛུགས་སྐྲུན་བྱས་ཏེ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉམས་ལེན་དང་རང་བྱུང་སློབ་གསོའི་སྟེགས་བུ་བསྐྲུན་རྒྱུ་རེད།
          སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་ཁྲོད། རང་ཞིང་གིས་ད་རུང་མཚོ་སྔོན་པོའི་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་འཁྱགས་རོམ་བྱེ་ཐང་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་པ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱས་ནས། ཞིང་སྡེ་གསར་པ་འཛུགས་སྐྲུན་དང་སྐྱེ་ཁམས་ཡུལ་སྐོར་ལ་སྐུལ་འདེད་གཏོང་རྒྱུ་རེད། དེ་ལས་གཞན། མཚོ་སྔོན་པོ་ལྗོངས་ཁུལ་གྱི་ཚན་རྩལ་དང་འཇོན་མིའི་རམ་འདེགས་ཇེ་དྲག་ཏུ་བཏང་སྟེ། སྐྱེ་ཁམས་ཀྱི་ལྟ་ཞིབ་ནུས་པ་དང་རིག་ནུས་ཀྱི་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་དང་། རྨང་གཞི་སྒྲིག་བཀོད་ཀྱི་ཆ་སྒྲིག་འཐུས་ཚང་དུ་གཏོང་བའི་རྨང་གཞིའི་སྟེང་དུ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་ཕྱོགས་པར་སྐུལ་འདེད་གཏོང་རྒྱུ་རེད། །
རྩོམ་སྒྲིག་པ། བདེ་སྒྲོལ།