དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མགོ་ལོག་གིས་རི་ལྗང་ཆུ་དྭངས་དེ་ལེགས་ཆ་དང་ལ་རྒྱར་བསྒྱུར་བ།

སྤེལ་དུས 2021-03-26 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          བསྟུད་མར་ཉིན་འགའི་རིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་གཅིག་སྡུས་སློབ་སྦྱོང་དང་བགྲོ་གླེང་སྤེལ་རེས་སོགས་ཀྱི་རྣམ་པ་བརྒྱུད། གོང་ནས་འོག་བར་ཚོགས་འདུ་འཚོགས་ཏེ། ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་རེད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་བ་དང་ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ། བརྗོད་དོན་བརྩེ་བས་ཕྱུག་པ་བཅས་ཡིན་པས། ཁུལ་ཡོངས་ཀྱིས“ལོ་ལྔའི་འཆར་གཞིི་བཅུ་བཞི་པའི”མགོ་ཡག་པོ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་བྱ་སྤྱོད་ཀྱི་མཛུབ་སྟོན་གནང་ཡོད་ཞེས་བསྟན། 
          མགོ་ལོག་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་དེ“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མགོ་འཛུགས་པར་ནན་འཛིན་བྱ་རྒྱུ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་ཟུང་འབྲེལ་བྱས་ཏེ། ཏང་ཀྲུང་དབྱང་གི“སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ”དང“སྐྱེ་ཁམས་སྔོན་འགྲོ་མཐའ་འཁྱོངས” “བློ་བརྟན་འགྱུར་མེད་ངང་དམངས་འཚོའི་བདེ་ཚོར་ཆེ་རུ་གཏོང་བ” “ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་གསོ་ཡག་པོ་སྤེལ་རྒྱུ”སོགས་ཀྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་གལ་ཆེན་ལ་འགན་ལེན་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འགན་འཁྲི་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཆུ་ཚད་མཐོན་པོས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་སྲུང་སྐྱོང་གི་རྣམ་པ་ཇེ་ལེགས་སུ་གཏོང་བ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་དང་སྐྱེ་ཁམས་ཁ་གསབ་ལམ་ལུགས་ལམ་སྲོལ་འཛུགས་སྐྱོང་གསར་གཏོད་བྱེད་པ་བཅས་བྱས་ནས། འཛུགས་སྐྲུན་རྟེན་གཞི་སྐྲུན་པ་དང་མཐོ་ས་གཏོད་པ། དམིགས་ས་གཏོད་པ། ཕྱིར་གཏོང་བྱེད་ཡུུལ་གཏོད་པ་བཅས་ལ་མགོ་ལོག་གི་ལེགས་སྐྱེས་ཕུལ་ནས་རི་ལྗང་ཆུ་དྭངས་དེ་མགོ་ལོག་གི་ལེགས་ཆ་དང་ལ་རྒྱར་བསྒྱུར་དགོས་པའི་བླང་བྱ་བཏོན་པ་རེད།
          མགོ་ལོག་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ཐབས་ལམ་བཏོད་ནས་ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་དང་། ད་ཡོད་ཀྱི་ཐོན་སྐྱེད་རྒྱུ་ཆ་བཀོད་སྒྲིག་དང་བསྡུ་སྒྲིལ་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས་འབྲི་གཡག་དང་ནས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ“སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན”གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཏེ་དཔལ་འབྱོར་གྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་རེད། །
རྩོམ་སྒྲིག་པ། བདེ་སྒྲོལ།