ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་ཏན་ཏིག་བྱེད་པ།

སྤེལ་དུས 2025-04-28 ཡོང་ཁུངས། རྩོམ་པ་པོ།
      པེ་ཅིང་དང་། སི་ཁྲོན། མཚོ་སྔོན། ཧའེ་ནན་སོགས་ས་ཁུལ་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བའི་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་བཞིན་པ་དང་། སློབ་སྦྱོང་སློབ་གསོ་རྒྱུན་གཏན་ཁྲོད་མཉམ་འདྲེས་དང་རྒྱུན་དུ་དམ་འཛིན་བྱས་ཏེ། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་འགྲོ་རྒྱུ་དང་ལག་ལེན་བསྟར་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།
     པེ་ཅིང་གྲོང་ཁྱེར་ཨུ་ལྷན་གྱིས་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞི་ནན་ཏན་ངང་བཟོས་ཏེ། གྲོང་ཁྱེར་དེ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་དང་ཞིབ་བསྡུར་ཏན་ཏིག་བྱེད་པར་སྐུལ་ཁྲིད་བྱས་ཤིང་། སློབ་སྦྱོང་དང་ཞིབ་བཤེར་བསྒྱུར་བཅོས་བཅས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་དང་། ཕྱོགས་ཡོངས་ནས་གནད་དོན་ཞིབ་བཤེར་གཏིང་ཟབ། མཐའ་གཅིག་ཏུ་བཅོས་སྒྲིག་བཅོས་སྐྱོང་ནུས་ལྡན་བཅས་བྱས་ཏེ། སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། ཞིབ་བཤེར་ལ་ཤུགས་དྲག་ལྡན་པ། བསྒྱུར་བཅོས་ལ་ཕན་འབྲས་ཐོན་པ་བཅས་འགན་ལེན་གྱིས་ནུས་ཤུགས་ཡོད་རྒུས་མང་ཚོགས་ནས་སྤྱོད་ཚུལ་བསྒྱུར་བ་དང་སྲོལ་གསར་གཏོད་པ་ལས་བྱུང་བའི་རྣམ་པ་གསར་པ་དང་འགྱུར་ལྡོག་གསར་པ་ཚོར་བ་བྱས་ཡོད། པེ་ཅིང་གྲོང་ཁྱེར་ཨུ་ལྷན་རྩ་འཛུགས་པུའི་རྩ་འཛུགས་ཁྲུའུ་བཞི་པའི་ཁྲུའུ་ཀྲང་ཧོ་ཅན་ཕིང་གིས། ང་ཚོས་ནན་ཏན་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ཐོག “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་གཙོ་བོར་དམིགས་པ་བཅས་བྱས་ཐོག ཕྱོགས་གཅིག་ནས་སློབ་སྦྱོང་དང་ཕྱོགས་གཞན་ཞིག་ནས་གཤིབ་བསྡུར་དང་། ཕྱོགས་གཅིག་ནས་ལྟ་ཞིབ་དང་ཕྱོགས་གཞན་ཞིག་ནས་ལེགས་བཅོས་བཅས་བྱས་ཏེ། སློབ་སྦྱོང་སློབ་གསོ་དེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཏུ་བསྒྱུར་བཞིན་ཡོད་ཅེས་གསུངས་པ་རེད།
     སི་ཁྲོན་གྱིས་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་ཆེད་དོན་ཟུར་ཁྲིད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཞིང་ཆེན་དེ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ས་གནས་ཁག་དང་སྡེ་ཁག་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ལྟ་བསྡུར་ནན་པོས་རང་བཤེར་རང་བཅོས་ལ་སྐུལ་འདེད་བཏང་བ་དང་། གནད་དོན་གྱི་རྩིས་ཐོ་བཟོས་པ། བཅོས་སྒྲིག་བྱེད་ཐབས་གཏན་འབེབས་བཅས་བྱས་ཏེ། དག་ཐེར་ཡོ་བསྲང་དང་བཅོས་སྒྲིག་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད། སི་ཁྲོན་ཞིང་ཆེན་ཨུ་ལྷན་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཁྲེན་ཀོན་སུང་གིས། ལྟ་བསྡུར་སློབ་སྦྱོང་ལ་སྤུས་ཚད་ཡོད་པ་བྱས་ནས། གཅིག་བསྡུས་ཐོག་ཞིབ་འཇུག་སློབ་སྦྱོང་དང་རྒྱུན་དུ་ནས་སློབ་སྦྱོང་ལ་སྐུལ་འདེད། སྦྱོང་བརྡར་བྱས་ནས་སློབ་སྦྱོང་ལ་རམས་འདེགས་བཅས་བྱ་རྒྱུར་དམ་འཛིན་དེ་བས་ཆེ་བ་བྱེད་པ་དང་། ལྟ་བསྡུར་ཞིབ་བཤེར་ལ་ཤུགས་དྲག་ལྡན་པ་བྱས་ཏེ། གནད་དོན་འཚོལ་ཞིབ་གཏིང་ཟབ་དང་ཉེན་བརྡའི་སློབ་གསོ་གཏིང་ཟབ། ཞིབ་བཤེར་དབྱེ་ཞིབ་གཏིང་ཟབ་བཅས་བྱེད་པ། ལྟ་བསྡུར་བསྒྱུར་བཅོས་ལ་ཕན་འབྲས་ཐོན་པ་བྱས་ཏེ། མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པ་དང་། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་བཅོས་སྒྲིག་དོན་འཁྱོལ་ཐུབ་རྒྱུར་དམ་འཛིན་ཡག་པོ་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
     མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱིས་ཞིང་ཆེན་དེ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཁྱབ་ཁོངས་གཙོ་བོ་བདུན་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅུ་ཆེད་དོན་བཅོས་སྒྲིག་བྱེད་པ་སོགས་དང་ཟུང་འབྲེལ་བྱས་ཏེ། གནད་དོན་གྱི་ཞིབ་ཐོ་དང་འགན་འཁྲིའི་ཞིབ་ཐོ། བཅོས་སྒྲིག་ཞིབ་ཐོ་བཅས་རེ་རེ་བཞིན་བཀོད་ཅིང་། གཅིག་སྡུད་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་སྦྲེལ་མཐུད་བྱེད་དགོས་པའི་བླང་བྱ་བཏོན་ཡོད། མཚོ་སྔོན་ཞིང་ཆེན་ཨུ་ལྷན་རྩ་འཛུགས་པུའི་རྩ་འཛུགས་ཁྲུའུ་དང་པོའི་ཁྲུའུ་ཀྲང་ཆོན་ཧྲོའུ་མིང་གིས། ང་ཚོས་རིམ་པ་དང་རིགས་དབྱེ་ནས་གནད་ལ་འཁེལ་བའི་མཛུབ་ཁྲིད་བྱས་ཐོག རིམ་པ་དང་ས་ཁོངས། ཁྱབ་ཁོངས། ལས་རིགས་བཅས་མི་འདྲ་བའི་དོན་དངོས་ལ་གཞིགས་ནས། སྒོ་འབྱེད་སློབ་གསོ་མཐའ་འཁྱོངས་བྱེད་པ་དང་། ཐབས་ལམ་མང་པོའི་ཐོག་ནས་བསམ་འཆར་དང་གྲོས་འགོར་ཉན་པ། སློབ་སྦྱོང་དང་ཞིབ་བཤེར་བསྒྱུར་བཅོས་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སློབ་སྦྱོང་སློབ་གསོ་དེ་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་ཏུ་འགྱུར་བ་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
     ཧའེ་ནན་ཞིང་ཆེན་ཨུ་ལྷན་གྱིས་ལག་བསྟར་ཇུས་གཞི་བཟོས་ཐོག རིགས་པའི་གཞུང་ལུགས་ལྟེ་གནས་ཚོགས་ཆུང་གི་སློབ་སྦྱོང་དང་ཆེད་དོན་དཔེ་ཀློག་འཛིན་གྲྭ་སོགས་བརྒྱུད་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་ཡོད། རིམ་ཁག་ཏང་ཡོན་ལས་བྱེད་པ་གཞི་རིམ་དུ་ཟབ་བསྐྱོད་བྱས་ནས་བསམ་འཆར་དང་གྲོས་འགོར་ཉན་པ་དང་། གནད་དོན་གྱི་ཞིབ་ཐོ་གསེད་བཀྲོལ་བྱས་ཏེ། མང་ཚོགས་ཀྱི་བསམ་འཆར་ཆེན་པོ་ཡོད་པ་དང་ཡོངས་ཁྱབ་ཏུ་གནས་པའི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ནས་ཕན་འབྲས་དངོས་ཐོན་པ་བྱས་ཡོད། ཧའེ་ནན་ཞིང་ཆེན་ཨུ་ལྷན་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་དབྱང་ཞའོ་ཀང་གིས། ཧའེ་ནན་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཤིང་། ནན་པོ་དང་དངོས་སྒྲུབ་ཕན་འབྲས་བཅས་ཀྱི་ཚད་གཞི་མཐའ་འཁྱོངས་བྱས་ཏེ། སློབ་སྦྱོང་དང་ཞིབ་བཤེར་བསྒྱུར་བཅོས་བཅས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། རྒྱུན་གཏན་ཁྲོད་མཉམ་འདྲེས་དང་རྒྱུན་དུ་དམ་འཛིན་བྱས་ཏེ། སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། ཞིབ་བཤེར་ལ་ཤུགས་དྲག་ལྡན་པ། བསྒྱུར་བཅོས་ལ་ཕན་འབྲས་ཐོན་པ་བཅས་འགན་ལེན་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།