ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།

སྤེལ་དུས 2025-06-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
     སྤྱི་ཟླ་6པའི་ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་11པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་《སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་དགོས》ཞེས་པ་སྤེལ་ཡོད།
     རྩོམ་ཡིག་ནང་། སློབ་གསོ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྨང་གཞི་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ང་ཚོས་སློབ་གསོ་དེ་རྒྱལ་ཁབ་ཀྱི་འཆར་གཞི་ཆེན་པོ་དང་ཏང་གི་འཆར་གཞི་ཆེན་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། 2035ལོར་སླེབས་སྐབས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས་ནས། དུས་རབས་གསར་པའི་སློབ་གསོའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བྱེད་པ་དང་། གནས་སྟངས་རང་བཞིན་གྱི་འགྱུར་ལྡོག་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།
      རྩོམ་ཡིག་ནང་། ང་ཚོས་སྐྲུན་ཚར་བ་བྱེད་པའི་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་ཡིན་པས། དེར་སྟོབས་དང་ལྡན་པའི་བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་དང་། ཤེས་ལྡན་མི་སྣའི་འགྲན་རྩོད་ནུས་པ། ཚན་རྩལ་གྱི་འདེགས་སྐྱོར་ནུས་པ། དམངས་འཚོའི་འགན་སྲུང་ནུས་པ། སྤྱི་ཚོགས་ཀྱི་མཐུན་སྦྱོར་ནུས་པ། རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་བཅས་ལྡན་དགོས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུ་ནི་རྙོག་འཛིང་ཆེ་བའི་མ་ལག་གི་ལས་གྲྭ་ཞིག་ཡིན་པས། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་། མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱེད་པ་དང་། རྒྱལ་ཁབ་འཐབ་ཇུས་ཀྱི་འདེགས་སྐྱོར་དང་དམངས་འཚོའི་དགོས་མཁོ་སྐོང་བའི་བར་གྱི་འབྲེལ་བ་དང་། ཤེས་བྱ་སློབ་སྦྱོང་དང་ཕྱོགས་ཡོངས་ནས་གོང་འཕེལ་གཏོང་བའི་བར་གྱི་འབྲེལ་བ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་བའི་བར་གྱི་འབྲེལ་བ། ཚད་ལྡན་གོ་རིམ་ལྡན་པ་དང་གསོན་ཤུགས་སྐུལ་སྤེལ་བྱེད་པའི་བར་གྱི་འབྲེལ་བ། ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་པའི་བར་གྱི་འབྲེལ་བ་བཅས་ཐག་གཅོད་ཡང་དག་པར་བྱ་དགོས་ཞེས་བསྟན་ཡོད།
      རྩོམ་ཡིག་ནང་། དུས་བཀག་ལྟར་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་ལས་འགན་དཀའ་ཚེགས་ཆེ་ཞིང་དུས་ཚོད་ཛ་དྲག་པོ་ཡོད།  དེ་ཡང་གཅིག་ནི། ཀུན་སྤྱོད་མི་སྐྱོང་གི་རྩ་བའི་ལས་འགན་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་ཡག་པོ་བྱ་དགོས། གཉིས་ནི། སློབ་གསོས་ཚན་རྩལ་དང་ཤེས་ལྡན་མི་སྣར་འདེགས་སྐྱོར་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། གསུམ་ནི། སློབ་གསོའི་སྤྱི་པའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས། བཞི་ནི། དུས་རབས་གསར་པའི་ཆུ་ཚད་མཐོ་བའི་དགེ་རྒན་དཔུང་ཁག་གསོ་སྐྱོང་བྱ་དགོས། ལྔ་ནི། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་སློབ་གསོའི་ལྟེ་གནས་གལ་ཆེན་འཛུགས་སྐྲུན་བྱ་དགོས་པ་བཅས་ཡིན་ཞེས་བསྟན་ཡོད།
     རྩོམ་ཡིག་ནང་། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཚར་བ་བྱ་རྒྱུ་ནི་ཉེ་རབས་ཚུན་དུ་ཀྲུང་ཧྭ་མི་རིགས་ཀྱིས་རེ་སྙེགས་ཆེན་པོ་བྱེད་པའི་མཛེས་སྡུག་ལྡན་པའི་རེ་འདུན་ཞིག་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་མངོན་འགྱུར་ཡོང་བ་བྱེད་པའི་སྔོན་ཁྲིད་ལས་འགན་དང་། རྨང་གཞི་བརྟན་པོ། འཐབ་ཇུས་ཀྱི་འདེགས་སྐྱོར་བཅས་ཡིན། ཡིད་ཆེས་བརྟན་པོ་དང་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱས་ཏེ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་རྒྱུའི་བརྗིད་ཉམས་ལྡན་པའི་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་དགོས་ཞེས་ནན་སྟོན་བྱས་ཡོད།