ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས《གངས་ལྗོངས་སྙན་དབྱངས》རིག་རྩལ་འཁྲབ་སྟོན་ལ་གཟིགས་པ།

སྤེལ་དུས 2025-08-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  བོད་ལྗོངས་ཟློས་གར་ཁང་ཆེན་དུ་ཚེས20ཉིན་གྱི་དགོང་མོ་དགའ་སྤྲོ་དང་ཞི་མཐུན་གྱི་རྣམ་པས་ཁེངས་ནས་མཆིས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས《གངས་ལྗོངས་སྙན་དབྱངས》ཞེས་པ་འདི་གར་ཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་ལྷན་དུ་འཁྲབ་སྟོན་ལ་གཟིགས་གནང་ཡོད།
  མཚན་ཚོགས་དེ་གླུ་ལེན་གར་འཁྲབ《ཁྱེད་རང་བཀའ་དྲིན་ཆེ། ཐུགས་རྗེ་ཆེ》ཞེས་པའི་ཁྲོད་འགོ་ཚུགས་ཤིང་། འཁྲབ་སྟོན་དེར་ཁྱོན་ལེའུ་གསུམ་ལ་དབྱེ་ཡོད།  ལེའུ་དང་པོ་དེ《བདེ་སྐྱིད་ཀྱི་འགོ་འཛུགས་ས》ཞེས་པ་དང་། 《བཀྲ་ཤིས་དབྱངས་རྟས་རྟེན་འབྲེལ་ཞུ》ཞེས་པ། 《ཞིང་རའི་གཅེན་གཅུང་ལྔ》ཞེས་པ་སོགས་གླུ་གར་བརྒྱུད་དེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་གསོན་ཉམས་ལྡན་པའི་རྣམ་པ་མངོན་པར་བྱས་ཡོད། ལེའུ་གཉིས་པ་དེ་ལྗོངས་རྣམ་གླུ་གར《མཆོང་སྐྱོད་ཀྱི་ས་མཐོ》ཞེས་པ་དང་། གླུ་དབྱངས་མཉམ་ལེན《མཛེས་པའི་ཕ་ཡུལ》ཞེས་པ། རམ་འདེགས་རོལ་མོའི་ཞིབ་བརྗོད《བརྩེ་བ་ཟབ་མོ》ཞེས་པ་བཅས་ཀྱི་ཐོག་ནས་བསྒྱུར་བཅོས་སྒོ་དབྱེས་གངས་ལྗོངས་ས་མཐོར་སྐྱེ་སྟོབས་ཀྱི་དཔལ་འབར་བ་བྱས་པའི་རྣམ་པ་མཚོན་པར་བྱས་ཡོད།  ལེའུ་གསུམ་པའི་ནང《རྒྱང་ལམ་གསར་པ》ཞེས་པ་དང་། 《ཀ་ལ་གྲོང་ཚོའི་དགའ་འཛུམ》ཞེས་པ།《ང་ཚོ་ཚང་མ་ཕ་མ་གཅིག་གི་ཕུ་ནུ་ཡིན》ཞེས་པ། 《མེས་རྒྱལ་གྱི་པང་དུ》ཞེས་པ་སོགས་གླུ་གར་གྱིས་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པའི་མཛེས་སྡུག་ལྡན་པའི་ལྗོངས་རྣམ་མངོན་པར་བྱས་པ་དང་།《གཅིག་སེམས་གཅིག་སྒྲིལ་གྱིས་དུས་རབས་གསར་པར་བསྟོད་གླུ་འབུལ》ཞེས་པའི་འཁྲབ་སྟོན་དེས་མཚན་ཚོགས་ཀྱི་མཐོ་རླབས་འཕྱུར་བ་བྱས་ཡོད། མཚན་ཚོགས་ཧྲིལ་པོར་བརྩེ་བ་ཟབ་མོ་ལྡན་པ་དང་ངོ་མཚར་གྱིས་རྣམ་པས་རབ་ཏུ་ཕྱུག་ཅིང་། བོད་རང་སྐྱོང་ལྗོངས་ཀྱི་ལོ་ངོ60རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་མཚོན་པར་བྱས་པ་དང་། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་ལྷག་བསམ་དག་པའི་བརྩེ་བ་མཚོན་པར་བྱས་ཡོད།
  ཝང་ཧུའུ་ཉིང་དང་། ཚའེ་ཆི། ལི་ཀན་ཅེ། ཧོ་ལི་ཧྥེང་། ཀྲང་ཀུའོ་ཆིང་། ཝང་ཞའོ་ཧུང་། བློ་བཟང་རྒྱལ་མཚན། ཧུའུ་ཁྲུན་ཧྭ། ཀྲང་ཧྲེང་རྨིན་བཅས་དང་། བོད་ལྗོངས་སུ་ཕྱག་ལས་གནང་མྱོང་བའི་བློ་མཐུན་རྒན་གྲས། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཡོངས་བཅས་ཀྱིས་ལྷན་དུ་མཚན་ཚོགས་ལ་གཟིགས་གནང་ཡོད།