ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

《དྲང་བདེན་རྣམ་པར་རྒྱལ་བར་ངེས》ཞེས་པའི་རིག་རྩལ་མཚན་ཚོགས་འཚོགས་པ།

སྤེལ་དུས 2025-09-04 ཡོང་ཁུངས། ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

            ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་མཚན་ཚོགསདྲང་བདེན་རྣམ་པར་རྒྱལ་བར་ངེསཞེས་པ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ་དང་། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་མཚན་ཚོགས་ལ་གཟིགས་པར་ཕེབས་པ།

            སྐད་གསང་མཐོ་བའི་གླུ་སྒྲས་རྒྱལ་ཁར་མངོན་པར་བསྟོད། རྔམ་བརྗིད་བྲོ་ཡིས་བདེན་པའི་སྟོབས་ཤུགས་མངོན་པར་བྱས། ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་མཚན་ཚོགསདྲང་བདེན་རྣམ་པར་རྒྱལ་བར་ངེསཞེས་པ་ཚེས་3ཉིན་གྱི་དགོང་མོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་ཡོད། ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ནས། རྒྱལ་ཁབ་ཕྱི་ནང་གི་མི་སྣ་6000ཙམ་དང་མཉམ་དུ་མཚན་ཚོགས་ལ་གཟིགས་པ་དང་། འོད་སྟོང་འཕྲོ་བའི་ཉིན་མོ་དེར་མཉམ་དུ་དྲན་གསོ་ཞུས་ཡོད།

            མི་དམངས་ཚོགས་ཁང་ཆེན་མོའི་མི་ཁྲིའི་ཚོམས་ཆེན་ནང་གློག་འོད་རྣམ་པར་བཀྲ་ཞིང་། ཐོག་བརྩེགས་གཉིས་པའི་རྒྱང་གཟིགས་སྟེགས་བུའི་ཐོག་ལོ་རྒྱུས་བློ་ལ་བརྟན་པོར་ངེས། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ། ཞི་བདེར་གཅེས་སྤྲས་བྱེད། འབྱུང་འགྱུར་གསར་གཏོད་བྱེད་ཅེས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད། གར་སྟེགས་ཀྱི་དབུས་སུ་དྲང་བདེན་རྣམ་པར་རྒྱལ་བར་ངེས་ཞེས་པའི་གསེར་མདོག་གི་ཡི་གེ་ལས་བཀྲག་མདངས་རབ་ཏུ་འཚེར། རྔམ་བརྗིད་ཆེ་ལ་བརྗིད་ཉམས་ལྡན་པའི་ལྕགས་རི་རིང་པོའི་བཟོ་བཀོད་ལས་ཀྲུང་ཧྭ་མི་རིགས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་མཚོན་པར་བྱས་ཡོད།

            མཚན་ཚོགས་འགོ་མ་ཚུགས་གོང་། ལོ་ཆུང་གདོང་ལེན་རུ་མིས་འཁྲབ་སྟོན་གཟིགས་པར་ཕེབས་པའི་ལྗར་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མིར་མེ་ཏོག་ཕུལ་ཡོད། དེ་རྗེས་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་རྣམས་ལོ་ཆུང་གདོང་ལེན་རུ་མིའི་སྐྱོར་རོགས་འོག ཚོམས་ཆེན་གྱི་གཟིགས་མོ་བའི་བཞུགས་གནས་སུ་འཁོད་སྐབས། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་བཞེངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲ་གྲགས་ནས། ཁོང་རྣམས་པར་བླ་ན་མེད་པའི་གུས་འདུད་ཞུས་ཡོད།

            ཆུ་ཚོད་19དང་སྐར་མ་55ཙམ་ལ་སྤྲོ་སྣང་གིས་ཁེངས་པའི་མགྲོན་བསུའི་གླུ་དབྱངས་གྲགས་པ་དང་བསྟུན། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཚོམས་ཆེན་དུ་ཕེབས་ཏེ། ལྗར་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མི་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་ཡོད།

            རྔམ་བརྗིད་ཆེ་བའི་ཅོང་གི་སྒྲ་ཐེངས་བརྒྱད་གྲགས་པ་དང་བསྟུན། རོལ་དབྱངས་སྙན་ངག་རི་མོ་རི་ཀླུང་གིས་བློ་ལ་བརྟན་པོར་ངེས་ཞེས་པའི་ཁྲོད་མཚན་ཚོགས་ཧྲིལ་པོའི་འགོ་བརྩམས་ཡོད།

            ལེའུ་དང་པོ“ངར་སྒྲ་སྒྲོག་དང་། རྨ་ཆུ”ཞེས་པའི་ནང་། ཡུལ་སྣང་འཁྲབ་སྟོནཀྲུང་ཧྭ་མི་རིགས་ཉེན་ཁ་ཆེས་ཆེ་བའི་དུས་ལ་སླེབས་སྐབསཞེས་པ་དང་། ཡུལ་སྣང་གླུ་གརཁྲག་གིས་ཚོས་པའི་སྟག་ཤིང་གླིངཞེས་པ། ཞབས་བྲོནར་མ་སོན་གོང་ནས་ཚེ་ལས་འདསཞེས་པ་བཅས་ཀྱི་སྐྱོ་ལ་བརྗིད་ཆེ་བའི་གླུ་གར་དང་། དེ་བཞིནངར་སྒྲ་སྒྲོག་དང་། རྨ་ཆུཞེས་པའི་བློ་སྟོབས་འཕེལ་ཞིང་དཔའ་ངར་ཆེ་བའི་སྒྲོག་སྦྱངས་དང་མཉམ་གཞས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འབོད་སྐུལ་དང་འགོ་ཁྲིད་འོག ཀྲུང་གོ་མི་དམངས་ཀྱིས་བཙན་འཛུལ་པར་འགོག་རྒོལ་བྱེད་པའི་དཔའ་ངར་ཞུམ་མེད་མཚོན་པར་བྱས་ཡོད། ལེའུ་གཉིས་པ“སྐར་དམར་ཀྱི་འོད་མདངས་ཀྲུང་གོར་འཕྲོ”ཞེས་པའི་ནང་། ཡུལ་སྣང་སྙན་ངག་སྒྲོག་སྦྱངསའོད་ཟེར་འདིཞེས་པ་དང་། གླུ་གརཡན་ཨན། ཡན་ཨནཞེས་པ་སྤོབས་སེམས་དང་ངར་ཤུགས་ཀྱིས་ཕྱུག་ཅིང་། ཡུལ་སྣང་འཁབ་སྟོནས་ཕུག་དང་འཛིང་རགཅེས་པས་མི་སེམས་འགུལ་བར་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་ལྗར་འགོག་གི་དར་ཆ་མཐོན་པོར་བསྒྲེངས་ནས་མི་རིགས་ཡོངས་ཀྱི་ལྗར་འགོག་ཁྲོད་ལྟེ་བའི་སྟོབས་ཤུགས་ལ་གྱུར་བ་མངོན་པར་བྱས་ཡོད། ལེའུ་གསུམ་པ“འགྲན་ཟླ་བྲལ་བའི་སྟོབས་ཤུགས”ཞེས་པའི་ནང་། གཞས་ཚོམས་བྲོ་ཚོམསགང་སར་དམག་འཁྲུག་གི་མེ་ལྕེ་འབརཞེས་པ་དང་། ཡུལ་སྣང་ཟློས་གརཇི་སྲིད་བར་གྱི་དམག་དཔུང་ཨང་རྟགསཞེས་པ། སྐྱེས་པའི་མཉམ་འཁྲབ་ཞབས་བྲོདམར་འཛིང་མཐར་ཕྱིན་བྱེདཅེས་པ་བཅས་ཀྱི་གནམ་ས་འགུལ་བར་ཕོད་པའི་ཉམས་འགྱུར་ཐོག་ནས། ཏང་གིས་འགོ་ཁྲིད་པའི་མི་དམངས་དམག་འཁྲུག་གི་བརྗིད་ཆེའི་སྟོབས་ཤུགས་མངོན་པར་བྱས་ཡོད། ལེའུ་བཞི་པ“ཐུན་མོང་གི་སྐྱ་རེངས”ཞེས་པའི་ནང་། ཞབས་བྲོརླུང་དང་འགྲོགསཞེས་པ་དང་། ཡུལ་སྣང་འཁྲབ་སྟོནཉམས་པ་མེད་པའི་འགྱུར་ཁུགཅེས་པ། གླུ་གཞསམཚན་མེད་དཔའ་བོའི་གཟེངས་རྟགསཞེས་པ་བཅས་ཀྱི་ཐོག་ནས་ནང་བསམ་པའི་བརྩེ་དུང་ཟབ་མོ་མཚོན་པར་བྱས་ཤིང་། ཀྲུང་གོ་མི་དམངས་ཀྱིས་བློས་གཏོང་ཆེན་པོས་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་གཡུལ་ས་གཙོ་བོར་དམར་འཛིང་བྱས་ཏེ། འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་བར་བསྟོད་གླུ་བླངས་ཡོད། ལེའུ་ལྔ་པ“དྲང་བདེན་ཇི་སྲིད་བར་དུ་གནས”ཞེས་པའི་ནང་། ཡུལ་སྣང་གཏམ་བརྗོདཁྱེད་ཀྱི་ཐུགས་འདུན་འགྲུབ་སོངཞེས་པས་བརྩེ་བ་ཟབ་པ་དང་། གཟབ་སྦྲེང་རུ་ཁག་གི་འཁྲབ་སྟོནདྲང་བདེན་སྲུངཞེས་པ་དང་། འཁྲིད་ལེན་དང་མཉམ་གཞསའགོག་ཐབས་བྲལ་བཞེས་པ་དང་བསྟུན་ནས་འཁྲབ་སྟོན་གྱི་མཐོ་རླབས་འཕྱུར་ཞིང་། དུས་རབས་གསར་པའི་ཀྲུང་གོའི་བརྗིད་ཆེའི་ཉམས་སྣང་མངོན་པར་བྱས་པ་དང་། དྲང་བདེན་རྣམ་པར་རྒྱལ་བར་ངེས་པའི་བདེན་དོན་གྱི་སྟོབས་ཤུགས་བསྒྲགས་ཡོད། མཇུག་བསྡུའི་ལེ་ཚན། གླུ་གརལས་དབང་གཅིག་མཐུན་ཚོགས་པཞེས་པའི་ནང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པར་བསྟོད་གླུ་ཕུལ་ཡོད།

             འཁྲབ་སྟོན་མཇུག་འགྲིལ་རྗེས། ཚང་མ་ཡར་བཞེངས་ནས་སྐད་གསང་མཐོན་པོས་མེས་རྒྱལ་ལ་བསྟོད་གླུ་ལེནཞེས་པ་བླངས་ཤིང་ཐལ་མོའི་རྡེབ་སྒྲ་བར་མེད་དུ་གྲགས་ཡོད།

            མཚན་ཚོགས་ཧྲིལ་པོར་ལོ་རྒྱུས་ཀྱི་ཡུལ་དུས་དང་། སྒྱུ་རྩལ་གྱི་ཡུལ་དུས། བརྩེ་སེམས་ཀྱི་ཡུལ་དུས་བཅས་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཟིལ་རླབས་དགུང་དུ་འཕྱུར་བའི་ལོ་རྒྱུས་ལ་ཕྱིར་དྲན་ཟབ་མོ་ཞུས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ལྗར་འགོག་དམག་འཐབ་ཁྲོད་ཀྱི་ཀ་རྟེན་ལྟ་བུའི་ནུས་པ་ཐོན་པ་མངོན་གསལ་དོད་པོས་མངོན་པར་བྱས་པ། ཀྲུང་གོ་མི་དམངས་ཀྱིས་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་དཔའ་བོའི་བརྗིད་ཆེའི་གླུ་དབྱངས་མཐོན་པོར་བླངས་པ་བཅས་ཀྱིས་ཀྲུང་ཧྭ་མི་རིགས་འདི་ཉིད་འཛམ་གླིང་མི་རིགས་ཁག་གི་ཁྲོད་རང་ཚུགས་ངང་གནས་པའི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།

            ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་བཅས་མཚན་ཚོགས་ལ་གཟིགས་མོ་གཟིགས་པར་ཕེབས་ཡོད།

            མཚན་ཚོགས་གཟིགས་པར་ཕེབས་མཁན་གྲས་སུ་ད་དུང་། ཀྲུང་དབྱང་ཏང་སྲིད་དམག་དམངས་ཚན་པ་ཁག་དང་། པེ་ཅིང་གྲོང་ཁྱེར་གྱི་འགོ་ཁྲིད་བློ་མཐུན་གཙོ་བོ། ལྗར་འགོག་དམག་ཁྲུག་ནང་ཞུགས་མྱོང་བའི་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས། ལྗར་འགོག་སྔོན་གཤེགས་དཔའ་བོའི་གཉེན་ཉེའི་འཐུས་མི། གོ་མིན་ཏང་གི་ལྗར་འགོག་དམག་མི་རྒན་གྲས་ཀྱི་འཐུས་མི། རྒྱལ་ཁབ་ཕྱི་ནང་གི་རྒྱལ་གཅེས་མི་སྣ། སྐུ་གཤེགས་ཟིན་པའི་ལྗར་འགོག་དམག་དཔོན་གྱི་ཁྱིམ་མིའི་འཐུས་མི། པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས་དང་ཁེ་ལས་ཀྱི་འགོ་ཁྲིད་བློ་མཐུན་གཙོ་བོ། པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་ཨུ་ཡོན་དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། བློ་མཐུན་རྒན་གྲས་ཀྱི་འཐུས་མི། སྐུ་གཤེགས་ཟིན་པའི་བློ་མཐུན་རྒན་གྲས་འགའ་ཤས་ཀྱི་གཉེན་ཉེ། གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་འཐུས་མི། རྒྱལ་ཡོངས་ཀྱི་སྔོན་ཐོན་དཔེ་སྟོན་མི་སྣའི་འཐུས་མི། ཤང་ཀང་དང་ཨའོ་མོན་ཐའེ་ཝན་བཅས་ཀྱི་སྤུན་ཟླ་དང་ཕྱིར་སྡོད་སྤུན་ཟླའི་འཐུས་མི། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི། པེ་ཅིང་དུ་ཡོད་པའི་དཔུང་སྡེའི་དཔོན་དམག་འཐུས་མི། དེ་བཞིན་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་ཕོ་ཉ་དང་དྲག་དཔོན། ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འཐུས་མི། ཀྲུང་གོའི་ལྗར་འགོག་དམག་ཁྲུག་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་ཕུལ་མྱོང་བའི་རྒྱལ་སྤྱིའི་མཛའ་གྲོགས་མི་སྣའམ་ཁོང་ཚོའི་ཁྱིམ་མིའི་འཐུས་མི་སོགས་ཡོད་པ་རེད།

རྩོམ་སྒྲིག་པ། རིག་གྲོལ།