ཚེས10ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་།
སྤེལ་དུས 2026-02-12
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཚེས10ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་།
གསར་འགོད་པ་ཞིག་གིས2པའི་ཚེས10ནས་ཟླ3པའི་ཚེས11ཉིན་བར་ཁུ་པར་གནམ་གྲུའི་སྣུམ་དཀོན་པའི་གནད་དོན་འཕྲད་རྒྱུ་ཡིན་པ་དང་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིས་ཁུ་པར་འཕུར་བའི་དུས་གཏན་གནམ་གྲུ་གནས་སྐབས་མཚམས་འཇོག་རིང་། ཀྲུང་གོའི་སྤྱི་དམངས་ཁུ་པར་ལུས་ཡོད་དམ། ཀྲུང་གོ་ཕྱོགས་ཀྱིས་ཁུ་པར་སྣུམ་མཁོ་འདོན་ཐད་རོགས་རམ་བྱེད་རྩིས་ཡོད་དམ་ཞེས་དྲིས་པར།
ལིན་ཅན་གྱིས། གནད་དོན་དང་པོའི་སྐོར་ལ་རྒྱུས་ལོན་བྱས་པར་གཞིགས་ན། མིག་སྔར་ཀྲུང་གོའི་སྤྱི་དམངས་ཁུ་པར་ལུས་པའི་སྙན་ཞུ་འབྱོར་མེད་པ་དང་། གནད་དོན་གཉིས་པའི་སྐོར་ལ་གནས་ཚུལ་ཞིབ་ཕྲ་ཀྲུང་གོ་ཕྱོགས་ཀྱི་གཙོ་གཉེར་སྡེ་ཚན་ལ་བཀའ་འདྲི་ཞུ་རྒྱུའི་གྲོས་འགོ་བཏོན་ཡོད།
ཀྲུང་གོ་ཕྱོགས་ཀྱིས་ཁུ་པའི་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཕྱི་ནས་ཐེ་ཇུས་བྱེད་པར་ངོ་རྒོལ་དང་། ཁུ་པའི་མི་དམངས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་དབང་ཆ་བཙན་འཕྲོག་གི་བྱ་སྤྱོད་དང་མི་ཆོས་ཀྱི་ལུགས་དང་མ་མཐུན་པའི་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། སྔར་བཞིན་ཁུ་པའི་ཕྱོགས་ལ་ནུས་ཤུགས་གང་ཡོད་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱེད་ཀྱི་ཡིན་ཞེས་ངས་འདི་གར་བསྐྱར་དུ་གསལ་བཤད་ཞུ་འདོད་ཡོད་ཅེས་ལན་བཏབ།
རྩོམ་སྒྲིག་པ། རིག་གྲོལ།