
ཟླ3པའི་ཚེས5ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཡུན་ནན་འཐུས་མི་ཚོགས་པར་ཕེབས་ནས་འཐུས་མི་རྣམས་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཚེས5ཉིན་གྱི་ཕྱི་དྲོ་ཁོང་ཡོད་སའི་ཡུན་ནན་འཐུས་མི་ཚོགས་པར་ཞུགས་ནས་འཐུས་མི་རྣམས་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་གནང་།
འཐུས་མིའི་གཏམ་བཤད་ལ་གསན་རྗེས་ལི་ཆང་གིས་གསུང་རྒྱུར། འདས་ཟིན་པའི་ལོ་གཅིག་དང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་ཧྲིལ་པོར་རང་རྒྱལ་གྱི་འཕེལ་རྒྱས་བརྒྱུད་རིམ་ནི་སྤྱིར་བཏང་ཞིག་གཏན་ནས་མིན། ཡུན་ནན་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་གྱི་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ལ། དམངས་ཕྱུག་དམངས་ཕན་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ། ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ཤར་ལྷོ་ལ་ཕྱོགས་པའི་འགྱེད་འཕྲོའི་ལྟེ་གནས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་སོང་ལ། འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་སོང་།
ལི་ཆང་གིས་ནན་གྱིས་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”མགོ་བརྩམས་པའི་ལོ་ཡིན་ལ། ཕྱིའི་ཁོར་ཡུག་གི་ངེས་གཏན་མེད་པའི་རང་བཞིན་ཇེ་མང་དུ་སོང་བ་དང་། རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་ཀྱི་ལས་འགན་དཀའ་ཚེགས་ཆེ་ཞིང་ཤིན་ཏུ་ལྕི་བས། ངེས་པར་དུ་སྔར་ལས་དགེ་མཚན་ལྡན་པའི་བྱས་རྗེས་དང་། སྔར་ལས་དངོས་སྒྲུབ་ཀྱི་འགུལ་སྐྱོད་ཀྱིས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་གདོང་གཏོད་དགོས། འཛམ་གླིང་གི་དཔལ་འབྱོར་ཉོ་ཚོང་རྣམ་པ་དང་རྒྱལ་ནང་གི་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་གཏིང་ཟབ་བྱས་པ་དང་བསྟུན་ནས། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཡུན་ནན་གྱི་གོ་གནས་དང་ནུས་པ་དེ་བས་མངོན་གསལ་ཇེ་དོད་དུ་སོང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྲིད་འབྲས་ལྟ་བ་ཡང་དག་བརྟན་པོ་འཛུགས་པ་དང་ལག་ཏུ་བསྟར་དགོས་ལ། དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཀྱི་བྱ་བ་སོ་སོ་ཏན་ཏིག་ངང་ལེགས་པོར་སྒྲུབ་དགོས་ཤིང་། དངོས་སྒྲུབ་ལ་བརྟེན་ནས་དངོས་ཕན་དོན་གཉེར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཡུན་ནན་འཕེལ་རྒྱས་ཀྱི་བྱས་རྗེས་གསར་པ་མངོན་དགོས། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེར་བཏང་སྟེ། ཡུལ་སྐོར་ཐོན་རྫས་གསར་གཏོད་དང་ཞབས་ཞུ་ལེགས་གཏོད་ལ་སྐུལ་འདེད་བཏང་སྟེ། རིག་གནས་ཡུལ་སྐོར་དང་ལུས་རྩལ། ཚོང་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། “ལྗང་གློག་དང་རིག་རྩིས”ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ། མི་ཐབས་རིག་ནུས་ཉེར་སྤྱོད་ཞབས་ཞུ་དང་གཞི་གྲངས་ཐོན་ལས་སོགས་ཀྱི་ཐད་འཕར་གཞི་གསར་པ་གསོ་སྐྱོང་བྱེད་དགོས། བགྲོད་ལམ་ཆེན་པོ་དང་ཟམ་སྣེའི་བཙན་རྫོང་གི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ། “འགག་སྒོ་དང་བགྲོད་ལམ། ཁྲོམ་ར་བཅས་ཀྱི”འཕེལ་རྒྱས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས་ལ། བགྲོད་ལམ་གྱི་དཔལ་འབྱོར་དེ་ལྟེ་བའི་དཔལ་འབྱོར་དང་ཐོན་ལས་དཔལ་འབྱོར་དུ་རིམ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱུན་རྣམ་ཅན་གྱི་གནད་འཁེལ་རོགས་སྐྱོར་དང་ནང་གནས་སྒུལ་ཤུགས་མཉམ་སྤེལ་རྒྱུན་འཁྱོངས་བྱས་ནས། གཞི་ཁྱོན་རང་བཞིན་གྱི་བསྐྱར་དབུལ་དང་དབུལ་འགྱུར་ཚད་མཐའ་བརྟན་སྲུང་བྱས་ཏེ། མང་ཚོགས་ཀྱི་རྒྱུན་མཐུད་འབབ་འཕར་ལ་སྐུལ་འདེད་གཏོང་དགོས།
རྩོམ་སྒྲིག་པ། རིག་གྲོལ།