ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཝང་ཧུའུ་ཉིང་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་གི་འཐབ་ཇུས་འཕེལ་རྒྱས་བློ་འདོན་པར་ཐུག་འཕྲད་གནང་བ།

སྤེལ་དུས 2026-03-27 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།

             ཟླ3པའི་ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་གི་འཐབ་ཇུས་འཕེལ་རྒྱས་བློ་འདོན་པ་ཝུའུ་མུའུ་ཨེར་ཀྲ་ཁོ་ཧྥུའུ་ལ་ཐུག་འཕྲད་གནང་།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས26ཉིན་པེ་ཅིང་དུ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་གི་འཐབ་ཇུས་འཕེལ་རྒྱས་བློ་འདོན་པ་ཝུའུ་མུའུ་ཨེར་ཀྲ་ཁོ་ཧྥུའུ་ལ་ཐུག་འཕྲད་གནང་།
            ཝང་ཧུའུ་ཉིང་གིས་བསྟན་དོན།  ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་སྨི་ཨེར་ཅི་ཡུའེ་ཡེ་ཧྥུའུ་གཉིས་བར་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་འཆར་གཞི་གསར་པ་བཀོད། ཀྲུང་གོས་ཨུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱས་ནས། དེང་རབས་ཅན་དུ་སྐུལ་བའི་བགྲོད་ལམ་སྟེང་ཕན་ཚུན་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་བཏང་ནས། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་བརྟན་བརླིང་མཉམ་དུ་སྲུང་འདོད་ཡོད། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་དེའི་ཐད་བྱས་རྗེས་འཇོག་འདོད་ཡོད།
            ཝུའུ་མུའུ་ཨེར་ཀྲ་ཁོ་ཧྥུའུ་ཡིས་ཨུ་ཀྲུང་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ཨུ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་འགོ་གལ་ཆེན་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱེད་འདོད་ཡོད། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོ་ལེགས་འགྲུབ་བྱུང་བའི་གནད་འགག་ཡིན་ལ། ཀྲུང་གོའི"ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"འཆར་འགོད་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་གོ་སྐབས་བསྩལ་བ་དང་། ཨུ་ཕྱོགས་ཀྱིས་ཀྲུང་གུང་གི་ཉམས་མྱོང་སློབ་སྦྱོང་བྱེད་འདོད་ཡོད་པ་བསྟན།
            ཝང་ཏུང་ཧྥེང་སོགས་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། རིག་གྲོལ།