ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཧན་ཀྲེང་གིས་ཨ་རིའི་སྐྱེལ་འདྲེན་པུའུ་ཀྲང་ཟུར་པ་ཀྲའོ་ཞའོ་ལན་ལ་མཇལ་འཕྲད་གནང་།

སྤེལ་དུས 2026-06-22 ཡོང་ཁུངས། རྩོམ་པ་པོ།


ཟླ6པའི་ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པེ་ཅིན་དུ་ཨ་རིའི་སྐྱེལ་འདྲེན་པུའུ་ཀྲང་ཟུར་པ་ཀྲའོ་ཞའོ་ལན་ལ་མཇལ་འཕྲད་གནང་།

             ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་པེ་ཅིན་དུ་ཨ་རིའི་སྐྱེལ་འདྲེན་པུའུ་ཀྲང་ཟུར་པ་ཀྲའོ་ཞའོ་ལན་ལ་མཇལ་འཕྲད་གནང་།

             ཧན་ཀྲེང་གིས་བསྟན་དོན། ད་ལོའི་ཟླ5པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཐི་ལིང་ཕུའུ་གཉིས་ཀྱིས་ཐུན་མོང་ཐོག་ཀྲུང་ཨ་འཛུགས་སྐྲུན་རང་བཞིན་གྱི་འཐབ་ཇུས་བརྟན་བརླིང་འབྲེལ་བའི་ངེས་གནས་གསར་པ་གཏན་འཁེལ་གནང་ནས། དུས་རིམ་རྗེས་མའི་ཀྲུང་ཨ་འབྲེལ་བར་འཐབ་ཇུས་ཀྱི་ཁྲིད་སྟོན་གལ་ཆེན་གནང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཨ་འབྲེལ་བའི་བརྟན་བརླིང་འཕེལ་རྒྱས་ལ་འབད་བརྩོན་བྱེད་ཀྱིན་ཡོད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ངོས་འཛིན་གཅིག་མཐུན་དོན་འཁྱོལ་བྱེད་པར་ཕྱོགས་གཉིས་ཀྱི་ལས་རིགས་ཁག་གིས་ཐུན་མོང་ཐོག་འགུལ་སྐྱོད་བྱེད་དགོས་ལ།  དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་བསྣན་ནས། མི་ཚུལ་སྤེལ་རེས་དང་དམངས་ཁྲོད་ཀྱི་ས་གནས་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་བཏང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་སྔར་ལས་བརྟན་པོ་བསྐྲུན་དགོས།

            ཀྲའོ་ཞའོ་ལན་གྱིས་བསྟན་དོན། ཨ་ཀྲུང་གཉིས་ཀྱི་གཙོ་འཛིན་ཞལ་འཛོམས་གྲོས་མོལ་ལ་དོན་སྙིང་གལ་ཆེན་ལྡན་པ་དང་། ཨ་ཀྲུང་འབྲེལ་བ་བརྟན་བརླིང་སྲུང་འཛིན་བྱེད་པ་དེ་ཕྱོགས་སོ་སོའི་ཁེ་ཕན་དང་མཐུན། ཨ་ཀྲུང་བར་གྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་དང་དམངས་ཁྲོད་འགྲོ་འོང་ལ་སྐུལ་སྤེལ་གཏོང་ཆེད་མུ་མཐུད་དུ་འབད་བརྩོན་བྱེད་འདོད་ཡོད། །