
ཟླ8པའི་ཚེས་གསུམ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་པེ་ཏའེ་ཧི་རུ་དབྱར་ཁའི་གུང་གསེང་རོལ་བའི་ཆེད་མཁས་པར་གཟིགས་སྐོར་བརྒྱབ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། རྒྱལ་ཡོངས་འཐབ་ཕྱོགས་ཁག་དང་ཁྱབ་ཁོངས་ཁག་གི་རྒྱ་ཆེའི་ཆེད་མཁས་པ་དང་ཤེས་ལྡན་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་ཚེས་གསུམ་ཉིན། པེ་ཏའེ་ཧི་རུ་དབྱར་ཁའི་གུང་གསེང་རོལ་བའི་ཆེད་མཁས་པར་གཟིགས་སྐོར་བརྒྱབ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་རྒྱལ་ཡོངས་འཐབ་ཕྱོགས་ཁག་དང་ཁྱབ་ཁོངས་ཁག་གི་རྒྱ་ཆེའི་ཆེད་མཁས་པ་དང་ཤེས་ལྡན་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་།
ཚའེ་ཆི་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ཐོག་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་མོར་གཞི་བཙུགས་ཏེ། དུས་རབས་གསར་པར་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཛམ་གླིང་གི་ཤེས་ལྡན་མི་སྣ་གལ་ཆེན་གྱི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་ཀྱི་འཕེལ་རྒྱས་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྟོབས་དང་ལྡན་པའི་ཤེས་ལྡན་མི་སྣའི་འགན་ལེན་འདོན་སྤྲོད་བྱས། སྤྱི་ཁྱབ་ཧྲུའུ་ཅིས་དུས་དང་རྣམ་པ་ཀུན་ཏུ་ཆེད་མཁས་ཤེས་ལྡན་མི་སྣ་ཐུགས་སུ་བཅངས་ནས་སྣེ་ཁྲིད་དཔེ་སྟོན་བྱས་ལ། སྤྱི་ཚོགས་ཡོངས་སུ་ཤེས་ལྡན་མི་སྣར་གཅེས་སྐྱོང་བྱེད་པའི་དར་སྲོལ་བཟང་པོ་དར་སྤེལ་བཏང་ཡོད། རྒྱ་ཆེའི་ཆེད་མཁས་པ་དང་ཤེས་ལྡན་མི་སྣས་གསར་གཏོད་ཀྱི་འགན་འཁྲི་འཁུར་དགོས་པའི་སྐུལ་ལྕག་གནང་།
ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ལྡན་བཅས་འཛུགས་སྐྲུན་གྱི་འགག་སྒྲོལ་དཀའ་སེལ་གྱི་དུས་རིམ་གལ་ཆེན་ཞིག་ཡིན། ཆེད་མཁས་པ་དང་ཤེས་ལྡན་མི་སྣས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག ཡིད་ཆེས་བཞི་ཇེ་བརྟན། སྲུང་སྐྱོང་གཉིས་ལེགས་པར་སྒྲུབ་པ་བཅས་བྱས་ནས། སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། ཚན་རིག་པའི་སྙིང་སྟོབས་དར་སྤེལ། སྟོབས་ཤུགས་ཆེར་བསྐྱེད་དང་གསར་གཏོད་སྲོལ་འབྱེད་བཅས་བྱེད་དགོས། ཁྱབ་ཁོངས་སོ་སོར་བྱས་རྗེས་གསར་པ་བཞག་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ལོན་པར་བྱས་རྗེས་གསར་པ་འཇོག་དགོས།
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕུལ་བྱུང་ཆེད་མཁས་པའི་འཐུས་མི་པེ་ཏའེ་ཧི་རུ་གུང་གསེང་གཏོང་བར་གདན་དྲངས་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་ཤེས་ལྡན་པའི་བྱ་བའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ད་ལོའི་གུང་གསེང་བྱེད་སྒོའི་བརྗོད་དོན་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པར་འབད་པས་བསྐྱོད་ཅེས་པ་དེ་ཡིན། ཟབ་ཞུགས་མཁན་གཙོ་བོ་ནི་རྨང་གཞིའི་ཞིབ་འཇུག་དང་། འཐབ་ཇུས་ཀྱི་སྔོན་གྲལ་ཚན་རྩལ། གནད་འགག་གི་ལྟེ་བའི་ལག་རྩལ་ཁྱབ་ཁོངས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་བཅས་ཀྱི་ཆེད་མཁས་པའི་འཐུས་མི་ཡིན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥིན། རྒྱལ་དོན་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝུའུ་ཀྲིན་ལུང་འཚམས་འདྲིའི་བྱེད་སྒོར་ཞུགས།
རྩོམ་སྒྲིག་པ། རིག་གྲོལ།