
8པའི་ཚེས31ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་ཨོ་སི་ཁྲུ་རི་ཡའི་རྒྱལ་དམངས་ཁང་གི་གྲོས་དཔོན་ལའོ་སིན་ཁི་ལན་ཚི་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས31ཉིིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་ཨོ་སི་ཁྲུ་རི་ཡའི་རྒྱལ་དམངས་ཁང་གི་གྲོས་དཔོན་ལའོ་སིན་ཁི་ལན་ཚི་ལ་ཐུག་འཕྲད་གནང་།
ཚེས31ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་ཨོ་སི་ཁྲུ་རི་ཡའི་རྒྱལ་དམངས་ཁང་གི་གྲོས་དཔོན་ལའོ་སིན་ཁི་ལན་ཚི་ལ་ཐུག་འཕྲད་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། 2018ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་སྲིད་འཛིན་ཧྥན་ཏེ་པེ་ལུན་དང་མཉམ་དུ་ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་མཛའ་བརྩེ་ལྡན་པའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལེའུ་གསར་པ་བརྩམས། ཕྱོགས་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་འཁོར55ལོན་པའི་གོ་སྐབས་དང་བསྟུན་ནས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ངོས་འཛིན་གཅིག་མཐུན་གལ་ཆེན་དོན་འཁྱོལ་དང་། མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་ཆོས་བརྗེ་རེས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་དགོས། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཨོ་སི་ཁྲུ་རི་ཡའི་ཕྱོགས་དང་མཉམ་དུ་མཛའ་བརྩེ་འགྲོ་འོང་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད།
ལའོ་སིན་ཁི་ལན་ཚི་ཡིས་བསྟན་དོན། ཨོ་སི་ཁྲུ་རི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ལ་རྒྱུན་རིང་བའི་ལོ་རྒྱུས་དང་རིག་གནས་ལྡན། འབྲེལ་བ་བཙུགས་ནས་ལོ་ངོ55འགོར་བའི་རིང་། ཕྱོགས་གཉིས་ཀྱིས་ཕན་ཚུན་འདྲ་མཉམ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་རྒྱུན་ཆད་མེད་པར་གཏིབ་ཟབ་ཏུ་བཏང་། ཉེ་བའི་ལོ་ཤས་རིང་། ཨོ་སི་ཁྲུ་རི་ཡ་དང་ཀྲུང་གོའི་མཐོ་རིམ་བར་འགྲོ་འོང་དམ་ཟབ་བྱེད་པ་དེ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་བའི་བརྡ་རྟགས་ལེགས་པོ་ཞིག་ཡིན། ཨོ་སི་ཁྲུ་རི་ཡས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་གཉིས་ཀྱིས་དངོས་སྒྲུབ་མཉམ་ལས་ལ་ཤུགས་བསྣན་ནས། ཨོ་སི་ཁྲུ་རི་ཡ་དང་ཀྲུང་གོའི་མཛའ་མཐུན་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།
ཝང་ཏུང་ཧྥེང་སོགས་ཐུག་འཕྲད་ལ་ཞུགས།
རྩོམ་སྒྲིག་པ། རིག་གྲོལ།