ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་ཁེ་ལས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་མ་འཇོག་བྱས་པའི་དུས་ཐེངས་གཉིས་པའི་མཚོ་སྟེང་སྣུམ་ཞིང་ནས་སྣུམ་འདོན་འགོ་ཚུགས་པ།

སྤེལ་དུས 2024-04-03 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཉེ་ཆར། ཀྲུང་གོ་རྡོ་སྣུམ་ཨབ་ཀྲ་པེའི་སྐམ་ས་དང་མཚོ་སྟེང་རྣམ་གྲངས་མཚོ་སྟེང་གི་དུས་ཐེངས་གཉིས་པའི་པེར་པ་ཙེ་མུའི་སྣུམ་ཞིང་ནས་སྣུམ་འདོན་འགོ་ཚུགས་ཡོད།
  སྐམ་ས་དང་མཚོ་སྟེང་རྣམ་གྲངས་དེ་ཀྲུང་གོ་རྡོ་སྣུམ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨབ་ཀྲ་པེ་རྒྱལ་ཁབ་རྡོ་སྣུམ་ཀུང་སིས་མཉམ་དུ་བསྐྲུན་པ་ཞིག་ཡིན་ཞིང་། 2018ལོའི་ཟླ་གསུམ་པར་དུས་ཐེངས་དང་པོའི་རྣམ་གྲངས་ནས་སྣུམ་འདོན་འགོ་ཚུགས་པ་དང་། དུས་ཐེངས་གཉིས་པའི་པེར་པ་ཙེ་མུའི་སྣུམ་ཞིང་ནས་སྣུམ་འདོན་འགོ་ཚུགས་རྗེས། སྐམ་ས་དང་མཚོ་སྟེང་རྣམ་གྲངས་ཀྱིས་ཉིན་རེར་མ་བཅོས་རྡོ་སྣུམ་ལྕགས་ཀྲིན་ཁྲི་5ཐོན་སྐྱེད་ཐུབ་པའི་གཞི་ཁྱོན་ཆགས་རྒྱུ་རེད།
  ཨབ་ཀྲ་པེ་རྒྱལ་ཁབ་རྡོ་སྣུམ་ཀུང་སིའི་ལས་སྒོ་སྔ་མའི་ལག་བསྟར་ཏུང་ཧྲི་ཨ་པུའུ་ཏུའུ་ལེ་མུའུ་ཉི་མུའུ་ཡིས། སྐམ་ས་དང་མཚོ་སྟེང་རྣམ་གྲངས་དུས་ཐེངས་གཉིས་པའི་པེར་པ་ཙེ་མུའི་སྣུམ་ཞིང་ནས་བདེ་བླག་ངང་སྣུམ་བཏོན་པ་ལས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་ནུས་རྒྱུ་མཉམ་ལས་ལ་སྒུལ་ཤུགས་ཆེན་པོ་ལྡན་པ་མཚོན་གྱི་ཡོད།
  ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཡེ་མིང་གིས། ནུས་རྒྱུའི་མཉམ་ལས་ནི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དབར་དངོས་སྒྲུབ་མཉམ་ལས་བྱེད་པའི་ཁྱབ་ཁོབས་གལ་ཆེན་ཞིག་ཡིན་ལ། སྐམ་ས་དང་མཚོ་སྟེང་རྣམ་གྲངས་ནི་ཀྲུང་གོ་རྡོ་སྣུམ་དང་ཨབ་ཀྲ་པེའི་རྒྱལ་ཁབ་རྡོ་སྣུམ་ཀུང་སིའི་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཡིན་པས་གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་ཐོབ་ཡོད་ཅེས་བརྗོད།