ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

“པེ་ཅིང་ནས་ཕ་རི་སི་བར། ཀྲུང་ཧྥའི་སྒྱུ་རྩལ་མཁས་ཅན་གྱི་ཨོ་ལིམ་ཕིག་བྱ་སྤྱོད”ཀྱི་ཀྲུང་གོའི་སྒྱུ་རྩལ་འགྲེམས་སྟོན་ཆེ་མོའི་འགྲེམས་ཞུགས་བྱེད་སྒོ་ཁྱབ་བསྒྲགས་བྱས་པ།

སྤེལ་དུས 2024-04-08 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཟླ་4ཚེས་2ཉིན་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས“པེ་ཅིང་ནས་ཕ་རི་སི་བར། ཀྲུང་ཧྥའི་སྒྱུ་རྩལ་མཁས་ཅན་གྱི་ཨོ་ལིམ་ཕིག་བྱ་སྤྱོད”ཀྱི་ཀྲུང་གོའི་སྒྱུ་རྩལ་འགྲེམས་སྟོན་ཆེ་མོའི་འགྲེམས་ཞུགས་བྱེད་སྒོ་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཐའེ་ཀྲང་ཧྲེན་ཧའེ་ཞུང་གིས་སྒྱུ་རྩལ་འགྲེམས་སྟོན་ཆེ་མོའི་དམིགས་བསལ་གདན་ཞུ་བྱས་པའི་བློ་འདྲི་བར་གདན་ཞུའི་ཡི་གེ་སྤྲད་པ་མ་ཟད། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་མཛེས་རྩལ་ཁང་གི་ཀོན་ཀྲང་། ཧྥ་ལན་ཤིས་སྒྱུ་རྩལ་ཁང་གི་འཕྲིན་གཏོང་ཡོན་ཧྲི་བཅས་ཡིན་པའི་ཝུའུ་ཝེ་ཧྲན་དང་། ཆིང་ཧྭ་སློབ་ཆེན་མཛེས་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དང་། ཏུན་ཧོང་སྒྱུ་རྩལ་དང་བཟོ་རྩལ་མཛེས་རྩལ་ཇུས་འགོད་ཞིབ་འཇུག་གི་རིགས་གཅིག་མཁས་ཅན། “སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོན་རྟགས”ཇུས་འགོད་པའི་གྲས་ཤིག་བཅས་ཡིན་པའི་ཁྲང་ཧྲ་ནཱ་སོགས་སྐུ་མགྲོན་དང་མཉམ་དུ་འགྲེམས་ཞུགས་བྱེད་སྒོ་ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་པ་རེད།
  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པའི“པེ་ཅིང་ནས་ཕ་རི་སི་བར། ཀྲུང་ཧྥའི་སྒྱུ་རྩལ་མཁས་ཅན་གྱི་ཨོ་ལིམ་ཕིག་བྱ་སྤྱོད”ཀྱི་ཀྲུང་གོའི་སྒྱུ་རྩལ་འགྲེམས་སྟོན་ཆེ་མོ་དེ་2024ལོའི་ཟླ་5པར་ཧྥ་རན་སེའི་ཕ་རི་སི་ཡི་རུང་ཅུན་སློབ་གླིང་གི་འགྲེམས་ཚོགས་ལྟེ་གནས་སུ་གཉེར་རྒྱུ་རེད། ཀྲུང་གོའི་དེང་རབས་ཀྱི་ཕུལ་བྱུང་སྒྱུ་རྩལ་མཁས་ཅན་100ལྷག་ཙམ་གྱི་ཕུལ་བྱུང་བརྩམས་ཆོས་200ལྷག་ཙམ་ཧྥ་རན་སེའི་དམངས་ཚོགས་ལ་འགྲེམས་སྟོན་བྱས་ནས་ཨོ་ལིམ་ཕིག་གི་མཉམ་ལས་ནུས་པ་དང་སྒྱུ་རྩལ་གྱི་ཁྱད་ཆོས་ལ་བརྟེན་ནས་ངོ་མཚར་གཏོད་པའི་རིག་གནས་ཀྱི་སྟོན་མོ་ཞིག་གཤོམ་རྒྱུ་རེད།