ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཆིང་ཏའོ་རྒྱལ་སྤྱིའི་སྦི་རག་དུས་ཆེན་སྐབས་35པ་འགོ་ཚུགས་པ།

སྤེལ་དུས 2025-07-22 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
        ཉེ་ཆར། “ཆིང་ཏའོ་དང་འཛམ་གླིང་ལག་གདང་སྦྲེལ”ཞེས་པའི་བརྗོད་དོན་གཙོ་བོའི་ཆིང་ཏའོ་རྒྱལ་སྤྱིའི་སྦི་རག་དུས་ཆེན་སྐབས་35པ་འགོ་ཚུགས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་སྦི་རག་དུས་ཆེན་དུས་ཡུན་ཉིན་སུམ་ཅུ་ཡིན་པ་དང་། མཚོ་འགྲམ་ནུབ་མ་དང་། ལའོ་ཧྲན། གྲོང་ཁུལ་རྙིང་པ་བཅས་སུ་ཚོགས་ར་གསུམ་བཙུགས་ནས་རྒྱལ་ཁབ་ཕྱི་ནང་གི་སྤུས་རྟགས་སྦི་རག་སྣ་ཁ་2300ལྷག་ཙམ་ནང་འདྲེན་བྱས་ཡོད་པ་དང་དེའི་རིང་འགོ་ཚུགས་མཛད་སྒོ་དང་། སྒྱུ་རྩལ་སྐོར་སྐྱོད་འཁྲབ་སྟོན། སྦི་རག་འགྲན་བསྡུར། གླུ་གཞས་འདུ་ཚོགས། སྦི་རག་རྒྱལ་པོའི་འགྲན་བསྡུར། འགུལ་བརྙན་གྱི་དགའ་ནེའུ་དུས་ཆེན། དར་སོ་ཆེ་བའི་ལུས་རྩལ་དུས་ཆེན་སོགས་རིག་རྩལ་བྱེད་སྒོ་སྤེལ་རྒྱུ་རེད། འདི་ནི་ཕྱི་རྒྱལ་གྱི་གྲོགས་པོ་ཚོས་ཆིང་ཏའོ་མཚོ་འགྲམ་ནུབ་མའི་ཁུལ་གསར་གྱི་གསེར་བྱེ་ཐང་གི་སྦི་རག་གྲོང་དུ་ཆིང་ཏའོ་རྒྱལ་སྤྱིའི་སྦི་རག་དུས་ཆེན་སྐབས་35པར་ཞུགས་པའི་རྣམ་པ་ཡིན་པ།