ཐོངས་མཆན་མི་དགོས་པས་ཀྲུང་གོའི་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་པ།
སྤེལ་དུས 2025-11-10
ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
འདི་ནི་ཉེ་ཆར་ཧའེ་ཁོའུ་མེ་ལན་མཐའ་མཚམས་ཞིབ་བཤེར་ས་ཚིགས་སུ་ཧའེ་ནན་གྱི་2025ལོའི་འགག་སྒོ་སྒྲོལ་མཁན་ཕྱི་རྒྱལ་འགྲུལ་པ་ཁྲི་200པ་ཁཱ་ཏི་ཁེ(གཡས)ཡིས་མཐའ་མཚམས་ཞིབ་བཤེར་གྱི་འགྲོ་ལུགས་གཉེར་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་དབྱང་ཀོན་ཡུས་ཀྱིས་པར་བླངས།
2025ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ཀྲུང་གོའི་རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་མཁན་བསྡོམས་འབོར་མི་ཐེངས་དུང་ཕྱུར་1.78ཟིན་པ་དེ་དུས་མཚུངས་ལས་12.9%འཕར་ཡོད། ཀྲུང་གོའི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་གྲངས་འབོར་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་གནས་སྤོས་མི་སེར་དོ་དམ་སྒྲིག་གཞིས་ཕྱི་རྒྱལ་བ་མི་ཐེངས་ཁྲི་2013.4ལ་དཔྱད་བཤེར་བྱས་པ་དེ་དུས་མཚུངས་ལས་22.3%འཕར་བའི་ནང་། ཐོངས་མཆན་མི་དགོས་པའི་ཕྱི་རྒྱལ་བ་མི་ཐེངས་ཁྲི་724.6ཟིན་པ་དེས་རྒྱལ་ཁོངས་སུ་ཡོང་མཁན་གྱི་ཕྱི་རྒྱལ་བའི་བསྡུར་གྲངས་ཀྱི་72.2%བཟུང་ཞིང་། དེ་ནི་དུས་མཚུངས་ལས་48.3%འཕར་ཡོད།
ཐོངས་མཆན་མི་དགོས་པར་རྒྱལ་ཁོངས་སུ་ཡོང་མཁན་གྱི་མི་གྲངས་རྒྱུན་མཐུད་མང་དུ་ཕྱིན་པ་ལས་ཀྲུང་གོ་འདི་ཉིད་ཡུལ་སྐོར་དམིགས་ས་ཡིན་པའི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པ་མ་ཟད། མི་རྣམས་ཀྱིས་ཀྲུང་གོའི་རིག་གནས་དང་། གྲོང་ཁྱེར། མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་བཅས་ལ་དགའ་ཞེན་བྱེད་པ་མཚོན་ཡོད། ལྕགས་རི་རིང་པོ་དང་། གནའ་བོའི་ཕོ་བྲང་། དུར་རྫས་རྟ་དམག་འཇིམ་སྐུ་སོགས་ཀྲུང་གོའི་ཡུལ་སྐོར་གནས་མཆོག་ལ་སྔར་བཞིན་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་ཡོད་པ་རེད།
ཀྲུང་གོས་དེ་བས་ཡིད་དབང་འཕྲོག་ཤུགས་ལྡན་པའི་ཡུལ་སྐོར་དམིགས་ས་གཏོད་པར་འབད་བརྩོན་བྱེད་བཞིན་ཡོད་པ་དང་། ཕྱི་རྒྱལ་བ་ཀྲུང་གོར་ཡུལ་སྐོར་དུ་ཡོང་བའི་དམིགས་ཡུལ་གཙོ་བོ་རིམ་བཞིན་རིག་གནས་དང་། ཚོང་ལས། ཁྱིམ་ཚང་། སྤྲོ་གསེང་བྱེད་སྒོ་བཅས་སུ་གཅིག་སྡུད་བྱེད་བཞིན་ཡོད། པེ་ཅིང་དང་ཧྲང་ཧའེ་སོགས་ས་གནས་ཕུད། ད་དུང་ཝུའུ་ཧན་དང་ཧྲེན་ཀྲེན་དང་། དེ་བཞིན་སྒོ་དབྱེའི་སྲིད་ཇུས་ཀྱི་ཕན་པ་ཐོབ་པའི་གྲོང་ཁྱེར་གཞན་དག་གིས་ཀྱང་ཀྲུང་གོའི་དཔལ་འབྱོར་འགྱུར་ལྡོག་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱེད་བཞིན་ཡོད་པ་རེད། འབྲེལ་ཡོད་འགྱུར་ལྡོག་དེ་དག་གཙོ་བོ་གསོལ་མགྲོན་ཁང་དང་། ཡུལ་སྐོར། རོལ་རྩེད། འགྲུལ་སྐྱོད་འགྲིམ་འགྲུལ་བཅས་ནས་མཚོན་ཐུབ་ཀྱི་ཡོད་པ་རེད།
—— ཨ་རིའི《འགྲུལ་སྐྱོད་དང་འཛམ་གླིང་ཡུལ་སྐོར》དུས་དེབ་ཐོག་འཕྲིན་སྤེལ་བྱས་པ་གཞིར་བཟུང་།