ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོར་ཅ་དངོས་ཉོ་བར་ཡོང་མཁན་མང་ཤོས་ཀྱི་ས་ཆར་གྱུར་པ།

སྤེལ་དུས 2025-11-10 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
འདི་ནི་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཧྲང་ཧའེ་ཅིང་ཨན་སྤྱི་གླིང་ཚོང་ཁྲོམ་དུ་ཚོང་ཟོག་འདེམས་བཞིན་པ།
  ཉེ་བའི་ལོ་ཤས་རིང་། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོར་ཅ་དངོས་ཉོ་བར་ཡོང་མཁན་མང་ཤོས་ཀྱི་ས་ཆར་གྱུར་ཞིང་། འགྲན་རྩོད་ནུས་པ་ཆེན་པོ་ལྡན་པའི་རིན་གོང་དང་། སྣ་མང་ཕུན་སུམ་ཚོགས་པའི་ཉོ་སྒྲུབ་ཀྱི་གདམ་ག ཉིན་རེ་བཞིན་སྟབས་བདེ་རུ་འགྲོ་བའི་ཕྱི་རྒྱལ་གྱི་འཛད་སྤྱོད་ཞབས་ཞུ་བཅས་ལས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོའི་ཡིད་དབང་འགུག་བཞིན་ཡོད། ཀྲུང་གོའི་སིལ་ཚོང་ཁྲོམ་རའི་ཡིད་དབང་འཕྲོག་ཤུགས་ཀྱང་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ད་ཆ་དེའང་ཡུལ་སྐོར་བ་མང་པོ་ཀྲུང་གོར་ཡོང་བའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད། ཟོག་ཉོའི་ཁྲལ་སློག་དང་། རྒྱལ་ཁབ་མང་པོའི་སྤྱི་དམངས་ལ་ཕྱོགས་པའི་ཐོངས་མཆན་མི་དགོས་པའི་རྒྱལ་སྒྲོལ་སྲིད་ཇུས། ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་ཚོང་ཟོག་སོགས་སྐུལ་ལྕག་བྱ་ཐབས་གལ་ཆེན་མང་པོ་ཞིག་ལས་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོར་ཅ་དངོས་ཉོ་བར་ཡོང་མཁན་མང་ཤོས་ཀྱི་ས་ཆར་གྱུར་ཡོད།
  ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་ཟོག་ཉོའི་ལྟེ་གནས་སུ་གྱུར་པ་ནི་ཕྱོགས་མང་པོའི་རྒྱུ་རྐྱེན་དང་ཁ་འབྲལ་ཐབས་མེད། འདས་ཟིན་པའི་ལོ་གཅིག་གི་རིང་། ཁྲལ་སློག་སྲིད་ཇུས་ལྷུག་ཏུ་བཏང་བ་ནི་འཕེལ་རིམ་གལ་ཆེན་ཞིག་ཡིན་པ་དེས་ཡུལ་སྐོར་བའི་ཁྲལ་སློག་བརྒྱུད་རིམ་སྟབས་བདེ་རུ་ཤུགས་ཆེན་སོང་ཡོད།
  ཟོག་ཉོའི་ཡུལ་སྐོར་གྱི་འཕར་སྣོན་ལ་སྐུལ་འདེད་ཐེབས་པའི་འགག་རྩའི་རྒྱུ་རྐྱེན་གཞན་ཞིག་ནི་གཞན་ལས་ལྷུག་པའི་ཀྲུང་གོའི་ཐོངས་མཆན་སྲིད་ཇུས་དེ་རེད། མིག་སྔར་རྒྱལ་ཁབ་མང་པོ་ཞིག་གི་སྤྱི་དམངས་ལ་ཀྲུང་གོའི་ས་ཁུལ་ཁག་གཅིག་ཏུ་ཐོངས་མཆན་མི་དགོས་པར་འགྲོ་ཆོག་པའི་ཐོབ་ཐང་ལྡན་པས། ཡུལ་སྐོར་བས་རྙོག་དྲ་ཆེ་བའི་ཐོངས་མཆན་འགྲོ་ལུགས་གཉེར་མི་དགོས་པར་སྟབས་བདེ་པོས་ཀྲུང་གོར་ཅ་དངོས་ཉོ་བར་ཡོང་ཆོག་གི་ཡོད། སྲིད་ཇུས་འདི་དང་ཡིད་དབང་འགུག་ཤུགས་ཆེན་པོ་ལྡན་པའི་ཁྲལ་སློག་གཟིགས་སྐྱོང་ཕན་ཚུན་ཟུང་འབྲེལ་བྱས་ཏེ། ཡུལ་སྐོར་ལ་འཚམ་པའི་ཁོར་ཡུག་ཅིག་བཏོད་ཅིང་། ཁོར་ཡུག་འདི་འདྲའི་ཁྲོད་ཅ་དངོས་ཉོ་བ་དེའང་ཀྲུང་གོར་ཡོང་བའི་ཀུན་སློང་གཙོ་བོར་གྱུར་ཡོད།
  —— ཨ་རིའི《འཛམ་གླིང་བསྐོར་བ》ཞེས་པའི་དུས་དེབ་ཀྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།