ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཧྲན་ཏུང་རུང་ཁྲེང་གི་ལྗང་མདོག་ནུས་རྒྱུའི་ཁང་འཁོར་ཕྱི་རྒྱལ་དུ་བྲིན་ཁ་རྒྱུག་པ།

སྤེལ་དུས 2025-11-21 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
         ཧྲན་ཏུང་ཞིང་ཆེན་རུང་ཁྲེང་གྲོང་ཁྱེར་ནི་རང་རྒྱལ་གྱི་ཁང་འཁོར་ཕྱིར་གཏོང་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། ཁང་འཁོར་ཁེ་ལས་ཆེ་གྲས་ཁག་གིས་རྒྱལ་སྤྱིའི་ཁྲོམ་རའི་གོ་སྐབས་དམ་འཛིན་ཧུར་ཐག་བྱས་ནས་ཚན་རྩལ་གསར་གཏོད་ཀྱི་གོམ་སྟབས་མགྱོགས་སུ་བཏང་སྟེ། རང་འགུལ་དང་། འདྲུད་བཀལ། སྒར་ས། སྦྲ་གུར་སོགས་རྣམ་པའི་ཁང་འཁོར་སྣ་ཚོགས་ལ་ཉི་ནུས་སོགས་ནུས་རྒྱུའི་སྒྲིག་ཆས་གསར་པ་བསྒར་གང་ཐུབ་ཀྱིས་ཁང་འཁོར་གྱི་གློག་རང་མཁོ་རང་འདོན་ཐུབ་པར་བྱས་པས་ཐོན་རྫས་ཨོ་སི་ཁྲུ་ལི་ཡ་དང་། ནེའུ་ཙི་ལན། ཨ་རི་སོགས་སུ་ཕྱིར་ཚོང་བྱས་པར་སྤྱོད་མཁན་གྱི་དགའ་བསུ་ཆེན་པོ་ཐོབ་པ་དང་མངགས་ཐོ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། འདི་ནི་ཟླ་11ཚེས་17ཉིན། ཧྲན་ཏུང་ཞིང་ཆེན་རུང་ཁྲེང་གྲོང་ཁྱེར་གྱི་ཁང་འཁོར་བཟོ་སྐྲུན་ཁེ་ལས་ཤིག་གི་སྒྲིག་སྦྱོར་འཁོར་ཁང་ནང་བཟོ་པས་ཉི་ནུས་ཁང་འཁོར་སྒྲིག་སྦྱོར་བྱེད་བཞིན་པ།