ཀྲུང་ཨའི་ཤེས་དཔལ་གླེང་མོལ་ཚོགས་འདུ་སྐབས་བཅུ་གཅིག་པ་འཚོགས་པ།
སྤེལ་དུས 2025-11-21
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།
རྩོམ་པ་པོ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དྲུང་ཡིག་ཁྲུའུ་ཡིས་མཉམ་དུ་གཙོ་གཉེར་བྱས་པའི་ཀྲུང་ཨའི་ཤེས་དཔལ་གླེང་མོལ་ཚོགས་འདུ་སྐབས་བཅུ་གཅིག་པ་པེ་ཅིང་དུ་འཚོགས་ཤིང་། དེའི་བརྗོད་དོན་གཙོ་བོ་ནི“ཤེས་དཔལ་གླེང་མོལ་ལ་ཤུགས་སྣོན་བརྒྱབ་ནས། དུས་རབས་གསར་པར་ཕྱོགས་པའི་ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས”ཞེས་པ་དེ་ཡིན་ཞིང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཆེ་ཀའེ་ཐེ་སོགས་ཨ་རབ་རྒྱལ་ཁབ་22ནས་ཡོང་བའི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་ཀྱི་འགོ་ཁྲིད་པ་དང་། དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་མི། སྲིད་གཞུང་གི་དཔོན་རིགས། རིག་མཛོད་དང་སྨྱན་སྦྱོར་གྱི་འཐུས་མི་བཅས་དང་ཀྲུང་གོ་ཕྱོགས་ཀྱི་པུའུ་ཨུད་དང་། མཐོ་སློབ། རིག་མཛོད་བཅས་ཀྱི་འཐུས་མི་ཁྱོན་150ཙམ་ཚོགས་འདུར་ཞུགས་ཡོད།
ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ལིའུ་ཧའེ་ཤིང་གིས། ཀྲུང་གོ་དང་ཨ་རབ་ནི་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་བསྟར་བའི་སྔོན་སྐྱོད་པ་དང་ལམ་གྲོགས་ཡིན་པས། ཕྱོགས་གཉིས་ཀས་ཡུན་རིང་ཞི་བདེའི་རྣམ་པ་མཉམ་གཏོད་དང་། དར་རྒྱས་གོང་འཕེལ་མཉམ་དུ་ཇུས་འགོད། མི་ཆོས་སྤེལ་རེས་ལ་མཉམ་དུ་སྐུལ་འདེད། དྲང་གཞག་དྲང་བདེན་མཉམ་དུ་དར་སྤེལ་བཅས་བཏང་སྟེ། ལག་གདང་སྦྲེལ་ནས་ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས་ཞེས་བརྗོད། དེ་དང་དུས་མཚུངས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ངོ་སྤྲོད་ཀྱང་བྱས་པ་རེད།
ཨ་རབ་ཕྱོགས་ཀྱིས། ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱིས་ཨ་ཀྲུང་མཉམ་ལས་ལ་གོ་སྐབས་གསར་པ་གཏོད་རྒྱུ་རེད། ཨ་རབ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གྲོས་འགོ་གལ་ཆེན་རབ་དང་རིམ་པར་རྒྱབ་སྐྱོར་བྱ་རྒྱུ་དང་སྦྲགས། ཀྲུང་གོ་ཕྱོགས་དང་ཤེས་དཔལ་གླེང་མོལ་ལ་ཤུགས་སྣོན་རྒྱག་པ་དང་ཨ་ཀྲུང་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཡོང་བར་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།