ཝེ་ཐེ་ནམ་གྱི་གཞོན་ནུ་ཀྲུང་གོར་ཡོང་ནས་ཁྲུང་ཆིང་དུ“གསར་བརྗེའི་ཞིབ་སྦྱོང་ཡུལ་སྐོར”བྱས་པ།
སྤེལ་དུས 2025-11-21
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
ཟླ་11ཚེས་14ཉིན། “གཅིག་རྒྱུན་གཅིག་འཛིན”ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གཞོན་ནུའི་གཏམ་བཤད་ཚོཌ་འདུ་ཁྲུང་ཆིང་དུ་འཚོགས་ཤིང་། རྒྱལ་ཁབ་གཉིས་པོའི་གཞོན་ནུའི་འཐུས་མི་ཚོས་རང་སོ་སོའི་སློབ་སྦྱོང་དང་ལག་ལེན་དང་ཟུང་འབྲེལ་གྱིས་བརྗོད་དོན་གཙོ་བོའི་གཏམ་བཤད་བྱས་པ་དང་། ཧ་ནོ་དབྱིའི་ཕྱི་ཕྱོགས་ཚོང་དོན་སློབ་ཆེན་སོགས་ཝེ་ཐེ་ནམ་གྱི་མཐོ་སློབ་5ཡི་དགེ་སློབ་དང་དེ་བཞིན་ཁྲུང་ཆིང་གི་གཞོན་ནུའི་འཐུས་མི་300ལྷག་ཙམ་ཞུགས་ཡོད།
ད་ཐེངས་ཀྱི་གཏམ་བཤད་ཚོགས་འདུར“གསར་བརྗེའི་རྗེས་ཤུལ་འཚོལ། དུས་རབས་ཀྱི་འགན་འཁྲི་ཁུར”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། དེ་ནི་ཝེ་ཐེ་ནམ་གྱི་གཞོན་ནུ་ཀྲུང་གོའི“གསར་བརྗེའི་ཞིབ་སྦྱོང་ཡུལ་སྐོར”གྱི“གཅིག་རྒྱུན་གཅིག་འཛིན”གྱི་ཞིབ་སྦྱོང་སྒར་སར་ཡོང་ནས་སྤེལ་བའི་བྱེད་སྒོ་གལ་ཆེན་ཞིག་རེད། གཞོན་ནུའི་འཐུས་མི་ཚོས། ད་ཐེངས་ཀྱི་གཏམ་བཤད་ཚོགས་འདུ་བརྒྱུད་རྒྱལ་ཁབ་གཉིས་པོའི་གཞོན་ནུའི་དབར་རྒྱུས་མངའ་ཆེ་རུ་དང་། ཡིད་ཆེས་ཟབ་ཏུ། དེ་བཞིན་སྤེལ་རེས་མཉམ་ལས་མུ་མཐུད་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།
ད་ཐེངས་ཀྱི་ཞིབ་སྦྱོང་ཡུལ་སྐོར་དེ་ཟླ་11ཚེས་17ཉིན་བར་བྱས་པ་དང་། དེའི་རིང་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གཞོན་ནུ་ཚོས་གསར་བརྗེའི་རྗེས་ཤུལ་ཁག་ནས་ཀྲུང་གོའི་དེང་རབས་ཅན་གྱི་འཕེལ་རྒྱས་གྲུབ་འབྲས་ཤེས་རྟོགས་བྱས་པ་མ་ཟད། ད་དུང་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གཞོན་ནུའི་དཔེ་ཀློག་མཉམ་སྤྱོད་ཚོགས་འདུ་དང་། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གཞོན་ནུའི་གླེང་མོལ་ཚོགས་འདུ་སོགས་བརྗོད་དོན་གཙོ་བོའི་སྤེལ་རེས་བྱེད་སྒོ་ཡང་སྤེལ་བ་རེད།