2025ལོའི“རྒྱུད་གཅིག་ལམ་གཅིག”གི་གཞོན་ནུའི་བསམ་བཀོད་དང་ཤུལ་བཞག་གླེང་སྟེགས་ཁྲང་ཧྲ་རུ་འཚོགས་པ།
སྤེལ་དུས 2025-11-26
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་། ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་མཐུན་ཚོགས་འཛམ་གླིང་མཉམ་འབྲེལ་ལྷན་ཚོགས། ཁྲང་ཧྲ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་2025ལོའི“རྒྱུད་གཅིག་ལམ་གཅིག”གི་གཞོན་ནུའི་བསམ་བཀོད་དང་ཤུལ་བཞག་གླེང་སྟེགས་ཚེས་19ནས་22ཉིན་བར་ཁྲང་ཧྲ་རུ་འཚོགས་པ་རེད།
སྐབས་འདིའི་གླེང་སྟེགས་ཐོག“གྲངས་གཞིས་གསར་གཏོད་ལས་གཏོད་བྱེད—གཞོན་ནུས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་ལ་སྐུལ་འདེད་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་རྒྱལ་ཁབ་45ནས་ཡོང་བའི་གཞོན་ནུའི་འཐུས་མི་60ཞུགས་ཡོད། གླེང་སྟེགས་ནང་གཞོན་ནུའི་མཉམ་སྤྱོད་ཚོགས་འདུ་དང་། ཚོགས་ཆུང་བགྲོ་གླེང་ཚོགས་འདུ། “བསམ་བཀོད་གྲོང་ཁྱེར་དྲ་རྒྱའི”ཁོངས་མིའི་གྲོང་ཁྱེར་གྱི་འཐུས་མིའི་མཉམ་གཤིབ་གླེང་སྟེགས། ཀྲུང་ཕྱིའི་གཞོན་ནུའི་མཉམ་སྤྲོའི་ཚོགས་འདུ། མཇུག་འགྲིལ་མཛད་སྒོ་སོགས་ཀྱི་བྱེད་སྒོ་ཚུད་ཡོད། བྱེད་སྒོ་རབ་དང་རིམ་པ་དེ་དག་གིས་ཕྱོགས་མང་པོའི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་དང་སྐད་ཆ་ཤོད་རེས་བྱེད་པའི་ལས་སྟེགས་བསྐྲུན་ཡོད། ཆེད་དོན་བགྲོ་གླེང་ཚོགས་འདུ་མང་པོར་རྒྱལ་ཁབ་ཁག་གི་གཞོན་ནུ་ཚོས་འཚང་ཁ་ཤིག་ཤིག་གིས་གཏམ་བཤད་བྱས་ནས་སྤེལ་རེས་ཧུར་ཐག་བྱས་ཏེ། གོ་ལ་ཧྲིལ་པོའི་འབྱུང་འགྱུར་འཕེལ་རྒྱས་ལ་ཐབས་དང་ཇུས་བཏོན་པ་རེད།