ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་པར་ཙིར་གྱི་ཚན་རྩལ་གསར་གཏོད་ལྟེ་གནས་དངོས་སུ་འཁོར་སྐྱོད་བྱེད་འགོ་ཚུགས་པ།

སྤེལ་དུས 2025-12-16 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཉིན་ཤས་གོང་། ཀྲུང་གོ་དང་པར་ཙིར་གྱི་ཚན་རྩལ་གསར་གཏོད་ལྟེ་གནས་པར་ཙིར་ལི་གཡོད་རེ་ནེ་ལུའུ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་གྱི་ཚན་རྩལ་གླིང་དུ་དངོས་སུ་འཁོར་སྐྱོད་བྱེད་འགོ་ཚུགས་ཤིང་། ལྟེ་གནས་དེས“ཚན་རྩལ་གསར་གཏོད་ཀྱིས་ནུས་རྒྱུའི་མཉམ་ལས་ལ་སྐུལ་འདེད་གཏོང་བ”ངེས་གནས་སུ་བྱས་ཏེ་ནུས་རྒྱུའི་ཁྱབ་ཁོངས་ཀྱི་ལག་རྩལ་གསར་ཤོས་ཞིབ་འཇུག་གསར་སྤེལ་དང་གྲུབ་འབྲས་གཞན་སྒྱུར་ལ་དམིགས་རྒྱུ་ཡིན་པ་རེད།
  པར་ཙིར་ལི་གཡོད་རེ་ནེ་ལུའུ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་གྱི་སློབ་སྤྱི་ལུའོ་པོ་ཐེ་ཡིས་ལྟེ་གནས་ཀྱིས་རྒྱལ་ཁབ་གཉིས་པོའི་ཚན་ཞིབ་མི་སྣར་ལག་རྩལ་སྤེལ་རེས་ཀྱི་འབྲེལ་ཟམ་དང་གྲུབ་འབྲས་མཉམ་སྤྱོད་ཀྱི་ལས་སྟེགས་བསྐྲུན་ནས། ལག་རྩལ་མཉམ་འབྲེལ་འགག་སྒྲོལ་དང་ཤེས་ལྡན་པ་མཉམ་ལས་གསོ་སྐྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་རྒྱལ་ཁབ་གཉིས་པོའི་ཚན་ཞིབ་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་འགྲན་ནུས་སུ་འགྱུར་བ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
  ངོ་སྤྲོད་བྱས་པར་གཞིགས་ན། ལྟེ་གནས་དེ་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཚོགས་པ་ཚད་ཡོད་ཀུང་སི་དང་། ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང) པར་ཙིར་རྒྱལ་ཁབ་རྡོ་སྣུམ་ཀུང་སི། པར་ཙིར་ལི་གཡོད་རེ་ནེ་ལུའུ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་བཅས་བཞི་པོས་མཉམ་དུ་བཙུགས་པ་ཞིག་རེད།