ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཧུའུ་པེ་ཙེ་ཀུའེ་ཡི་ཚ་ལུ་མ་ཕྱི་རྒྱལ་དུ་བྲིན་ཁ་རྒྱུག་པ།

སྤེལ་དུས 2025-12-16 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཉེ་བའི་ལོ་ཤས་རིང་། ཙེ་ཀུའེ་རྫོང་གིས་ཚ་ལུ་མ་དང་ཇ་ལོ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱི་རྒྱལ་དུ་བཙོངས་ནས་ཨེ་ཤ་ཡ་ཤར་ལྷོ་སོགས་རྒྱལ་སྤྱིའི་ཁྲོམ་ར་རྒྱ་སྐྱེད་ཧུར་ཐག་བཏང་སྟེ། ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་བ་དང་། ས་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།
  འདི་ནི་ཉེ་ཆར་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཙེ་ཀུའེ་རྫོང་གི་ཚ་ལུ་མའི་ཐོན་ལས་ཕྱོགས་བསྡུས་ཟོག་འགྲེམས་ལྟེ་གནས་སུ་ལས་བཟོ་ཚོས་ཚ་ལུ་མ་དབོར་སྐྱེལ་དང་། ཁག་བགོས། ཐུམ་སྒྲིལ་བཅས་གང་མགྱོགས་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་མཁོ་འདོན་བྱེད་བཞིན་པ།