ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཕྱི་འབྲེལ་པུས་དམག་འཁྲུག་མཚམས་འཇོག་རྒྱུའི་རེ་འབོད་གནང་།

སྤེལ་དུས 2026-03-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

             ཨ་རི་ཕྱོགས་ཀྱིས་དབྱི་རན་ལ་ཆུ་ཚོད48ནང་ཧོར་མུའུ་ཙེ་མཚོ་འགག་སྒོ་མོ་འབྱེད་དགོས་པའི་བླང་བྱ་བཏོན་པ་དང་། དེ་ལྟར་མ་བྱས་ཚེ་དབྱི་རན་གྱི“གློག་ཁང་སྣ་ཚོགས”ལ་གཏོར་སྐྱོན་གཏོང་རྒྱུ་མ་ཟད། དེ་དག་མེད་པ་བཟོ་རྒྱུ་ཡིན་ཞེས་བརྗོད་པར་དམིགས་ཏེ། ཚེས23ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཏུ་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་སུ། མིག་སྔར་དབུས་ཤར་ས་ཁུལ་དུ་སྔར་བཞིན་དམག་འཁྲུག་གི་མེ་ལྕེ་མཆེད་བཞིན་ཡོད། གལ་ཏེ་དམག་འཁྲུག་རྒྱུན་མཐུད་རྒྱ་བསྐྱེད་པ་དང་དུས་བབ་ད་དུང་ཛ་དྲག་ཏུ་སོང་ན། ས་ཁུལ་ཆ་ཚང་ཚབས་ཆེའི་གནས་སུ་ལྷུངས་སྲིད་ཅེས་བརྗོད།

              ལིན་ཅན་གྱིས། དྲག་ཤུགས་ཀྱིས་དུས་བབ་ཇེ་སྡུག་ཇེ་ཞན་ལས་འགྲོ་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་དོ་བདག་ཕྱོགས་ལ་འཕྲལ་མར་དམག་དོན་བྱ་སྤྱོད་སྤེལ་མཚམས་བཞག་ནས་སྐད་ཆ་བཤད་རེས་དང་གྲོས་མོལ་བྱ་རྒྱུ་དང་། ཐོག་མ་ཉིད་ནས་འགོ་རྩོམ་མི་རུང་བའི་དམག་འཁྲུག་འདི་མུ་མཐུད་རྒྱུ་མེད་པའི་རེ་འབོད་དྲག་པོ་བྱ་རྒྱུ་ཡིན་ཞེས་བརྗོད།

རྩོམ་སྒྲིག་པ། རིག་གྲོལ།