ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུས་འཇར་པན་ལ་ཐ་ཚིག་བསྒྲགས་པ།

སྤེལ་དུས 2026-03-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

             ཚེས25ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཏུ། འཇར་པན་གྱིས་ཡུག་རེན་དང་དམག་དོན་མཉམ་ལས་བྱེད་ཤུགས་ཆེར་ཕྱིན་པ་དང་། དེས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་ཞི་བའི་ངང་ཐག་གཅོད་བྱེད་པའི་མདུན་ལམ་དེ་བས་ཆུང་དུ་གཏོང་རྒྱུ་རེད་ཅེས་བཤད།

             ཨུ་རུ་སུའི་ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་དེར་ཀྲ་ཧ་ལུའོ་ཝ་ཡིས་འཇར་པན་སྨྱན་སྦྱོར་ཐོག་སྤེལ་བའི་འཇར་པན་སྲིད་གཞུང་གིས་ཡུག་རེན་གྱིས་བཟོས་པའི་མི་མེད་གནམ་གྲུ་ཉོ་རྩིས་ཡོད་པའི་གནས་ཚུལ་ཐད་དཔྱད་གཏམ་སྤེལ། ཁོང་གིས་གནས་ཚུལ་དེའི་རིགས་ལས། ཡུག་རེན་དབང་འཛིན་ལས་ཁུངས་ཀྱིས་མི་མེད་གནམ་གྲུས་མཚོན་ཆ་གཞན་དག་བརྗེ་རྒྱུའི་རེ་བ་ཡོངས་བསྒྲགས་བྱས་པའི་རྒྱབ་ལྗོངས་འོག འཇར་པན་གྱིས་ཡུག་རེན་དང་དམག་དོན་མཉམ་ལས་དེ་བས་གཏིང་ཟབ་བྱེད་པར་མངོན་ཡོད།

              ཀྲ་ཧ་ལུའོ་ཝ་ཡིས་ཨུ་རུ་སུ་ཕྱོགས་ཀྱི་ཐ་ཚིག་བསྐྱར་དུ་བསྒྲགས་ཤིང་། ཁོང་གིས་འཇར་པན་གྱི་འགོ་ཁྲིད་རིམ་པས་ཡུག་རེན་ལ་གསོད་རྨས་རང་བཞིན་གྱི་མཚོན་ཆ་དང་དམག་དོན་སྒྲིག་ཆས་མཁོ་འདོན་བྱེད་པའི་རེ་ངན་ཐ་དག་ལ་ཨུ་རུ་སུ་ཕྱོགས་ཀྱིས་དགྲ་རུ་བརྩིས་ནས། འཁོན་ལན་དྲག་པོ་སློག་ངེས་ཡིན་ཞེས་བཤད།

རྩོམ་སྒྲིག་པ། རིག་གྲོལ།