ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཕེ་རུའི་ལྷོ་རྒྱུད་དུ་གནམ་གྲུ་ལྷུང་བའི་དོན་རྐྱེན་བྱུང་ནས་མི13རྐྱེན་ལམ་དུ་ཤོར།

སྤེལ་དུས 2026-08-06 ཡོང་ཁུངས། གངས་ལྗོངས་མེ་ལོང་དྲ་བ། རྩོམ་པ་པོ།

             ཕེ་རུ་ས་གནས་སྨྱན་སྦྱོར་གྱིས་ཚེས1ཉིན་གསར་འགོད་ལྟར་ན། གནམ་གྲུ་ཆུང་གྲས་ཤིག་ཉིན་དེར་ཕེ་རུའི་ལྷོ་རྒྱུད་དབྱི་ཁ་ཞིང་ཆེན་ནཱ་སི་ཁ་གྲོང་ཁྱེར་གྱི་སྤྱི་ལེ6ཡས་མས་མཚམས་ཀྱི་ཞིང་སར་ལྷུང་སྟེ། མི13རྐྱེན་ལམ་དུ་ཤོར།

            ཐོག་མའི་གནས་ཚུལ་ལྟར་ན། དོན་རྐྱེན་ལས་རྐྱེན་ལམ་དུ་ཤོར་མཁན་ཁྲོད་ཡུལ་སྐོར་བ11དང་གནམ་གྲུའི་ལས་སྒྲུབ་མི་སྣ་གཉིས་ཡོད། དོན་རྐྱེན་བྱུང་བའི་གནམ་གྲུ་འདི་ནི་ས་དེའི་ཡུལ་ལྗོངས་གྲགས་ཅན་ནཱ་སི་ཁ་ཡི་ས་ངོས་སྒྱུ་རྩལ་ལ་ལྟ་རུ་འགྲོ་རྩིས་ཡོད་པ་རེད།

            མིག་སྔར། རོགས་སྐྱོབ་མི་སྣ་དང་འབྲེལ་ཡོད་སྡེ་ཁག་དོན་རྐྱེན་བྱུང་ཡུལ་ལ་ཐོན་ཏེ་རོགས་སྐྱོབ་ལས་ཀ་སྒྲུབ་བཞིན་ཡོད་པ་མ་ཟད། བརྟག་དཔྱད་བྱེད་འགོ་བརྩམས་ནས་དོན་རྐྱེན་འབྱུང་རྐྱེན་རྩད་གཅོད་གསལ་བོ་བྱེད་ཀྱིན་ཡོད།

རྩོམ་སྒྲིག་པ། རིག་གྲོལ།