ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཁུ་པ་རྒྱལ་ཁབ་ལ་དུས་ཚོད24ཡི་རིང་རྒྱལ་ཡོངས་གློག་ཆད་ཐེངས་གཉིས་བྱུང་།

སྤེལ་དུས 2026-08-06 ཡོང་ཁུངས། གངས་ལྗོངས་མེ་ལོང་དྲ་བ། རྩོམ་པ་པོ།

           ཁུ་པ་གློག་ཤུགས་མནའ་འབྲེལ་གྱིས་ཚེས3ཉིན་བརྡ་ཁྱབ་བཏང་བ་ལྟར་ན། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ལྔ་དང་སྐར་མ་ལྔ་ཡི་སྟེང་། རྒྱལ་ཁབ་འདིའི་གློག་ཤུགས་མ་ལག་ཡོངས་སུ་ཉམས་ནས་གློག་ཆད། འདི་ནི་ཁུ་པ་ཡི་དུས་ཚོད24རིང་རྒྱལ་ཡོངས་གློག་ཆད་ཐེངས་གཉིས་པ་ཡིན།

           ཁུ་པ་གློག་ཤུགས་མནའ་འབྲེལ་གྱིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་བཤད་རྒྱུར། རྒྱལ་ཡོངས་གློག་ཤུགས་མ་ལག་སླར་གསོ་བྱེད་པའི་གོ་རིམ་ཁྲོད། གནམ་གཤིས་རྩུབ་པས་གློག་དྲར་ཤུགས་རྐྱེན་ཐེབས་ནས། སྐབས་དེའི་འཁོར་རྒྱུག་བྱེད་ཀྱིན་པའི་གློག་འདོན་འཕྲུལ་ཚན་ལ་ཤུགས་རྐྱེན་ཐེབས་པ་རེད་ཟེར།

           འདི་ནི་དུས་ཚོད24ཡི་རིང་ཁུ་པ་རུ་རྒྱལ་ཡོངས་གློག་ཆད་ཐེངས་གཉིས་པ་ཡིན། ཁུ་པ་གློག་ཤུགས་མནའ་འབྲེལ་གྱིས་ཚེས2ཉིན་བརྡ་ཁྱབ་བཏང་བ་ལྟར་ན། ཉིན་དེའི་དགོང་མོའི་ཆུ་ཚོད་བཅུ་དང་སྐར་མ་ཞེ་གསུམ་སྟེང་རྒྱལ་ཡོངས་གློག་ཤུགས་མ་ལག་ཡོངས་སུ་མཚམས་ཆད།

           ཨ་རིའི་བཀག་སྡོམ་གྱི་ཤུགས་རྐྱེན་ཐེབས་ཏེ། ཁུ་པ་ཡིས་དུས་ཡུན་རིང་བོར་འབར་རྫས་དང་གློག་འདོན་བཟོ་གྲྭའི་སྒྲིག་ཆས་ནང་འདྲེན་བྱེད་མ་ཐུབ་པས། གློག་འདོན་བཟོ་གྲྭའི་སྒྲིག་ཆས་རྙིང་ཚབ་གསར་བརྗེ་བྱེད་དཀའ་བར་གྱུར་ཏེ། རྒྱལ་ཡོངས་ཀྱི་གློག་ཤུགས་མཁོ་འདོན་དཀའ་བའི་གནས་སུ་གྱར་བ་རེད། 2024ལོའི་ཟླ10པའི་ཚུན་ནས་བཟུང་། གློག་ཤུགས་སྒྲིག་བཀོད་ལ་ཆག་སྐྱོན་ཤོར་བ་དང་རླུང་འཚུབ་དྲག་པོ་གཡུག་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་ཁུ་པ་ལ་རྒྱལ་ཡོངས་སུ་གློག་ཆད་ཐེངས་མང་དུ་བྱུང་བ་རེད།


རྩོམ་སྒྲིག་པ། རིག་གྲོལ།