ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

དུས་ཚིགས་དང་པོར་བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་ར་འགོ་ཚུགས་མ་ཐག་གྲུབ་འབྲས་ཐོབ་པ།

སྤེལ་དུས 2024-04-22 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  གསར་འགོད་པར་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་དུས་ཚིགས་དང་པོར་རིམ་རྩིས་བྱས་ན་ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་422.59ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་65.24%འཕར་ཞིང་། དེའི་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་16610ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་525.6%འཕར་བ་དང་། རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་420.93ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་64.76%འཕར་བ། ཡུལ་སྐོར་བའི་ཡུལ་སྐོར་འགྲོ་སོང་བསྡོམས་འབོར་སྒོར་དུང་ཕྱུར་38.49ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་89.57%འཕར་ཡོད།
  ཡུལ་སྐོར་མང་བའི་དུས་ཚིགས་བསུ་ཆེད། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་ཕྱོགས་བསྡུས་དོ་དམ་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དང་འབྲེལ་ཡུལ་སྐོར་ཁྲོམ་རར་གཅིག་སྡུད་ཞིབ་བཤེར་ལས་དོན་མུ་མཐུད་སྤེལ་ཡོད། “ཟླ་བ་6པར་རང་ལྗོངས་སུ་ཡུལ་སྐོར་མང་བའི་དུས་ཚིགས་ཤར་རྒྱུ་ཡིན་པ་དང་ཡུལ་སྐོར་ཁྲོམ་ར་བརྟན་ཐོག་ཡར་འཕེལ་ཡོང་བའི་འགན་ལེན་བྱ་ཆེད། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་བཀོད་གཏོང་ཚོགས་འདུ་ཧུར་ཐག་འཚོགས་ནས། གྲོང་ཁྱེར(ས་ཁུལ)ཁག་ལ་ཐོན་པའི་མངོན་གསལ་དོད་པའི་གནད་དོན་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་། ལོ་ཧྲིལ་པོའི་ཁྲོམ་རའི་ལྟ་འདོམས་ལས་དོན་གྱི་ཇུས་གཞི་བཟོ་བ། མཉམ་འབྲེལ་ལྟ་འདོམས། སྤྱི་ཚོགས་ཀྱི་ལྟ་སྐུལ། གནད་དོན་གྱི་ཁུངས་སྣེ་འཚོལ་བསྡུ་དང་བདག་སྤྲོད། གྱོད་གཞི་ཞིབ་གཅོད་དང་སྒྲུབ་སྐུལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ལོ་ཧྲིལ་པོའི་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་འཁོར་སྐྱོད་བརྟན་པོ་ཡོང་བའི་འགན་ལེན་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད”ཅེས་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ཁྲོམ་ར་དོ་དམ་ཁྲུའུ་ཡི་འགན་འཁུར་བ་སུན་ཡུང་གིས་བརྗོད་པ་རེད།