ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཆོས་དབྱིངས་སྐྱིད་ལ་ཕ་རི་སིའི་ཨོ་རྩལ་འགྲན་ཚོཊ་ལ་ཞུཊ་དབང་ཐོབ།

སྤེལ་དུས 2024-04-24 ཡོང་ཁུངས། རྩོམ་པ་པོ།
          ཚེས་22ཉིན་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་ཕྱི་ཕྱོགས་སུ་ངོ་སྤྲོད་བྱས་པར་གཞིགས་ན། 2024ལོའི་འཛམ་གླིང་འདུར་རྒྱུག་ཚོགས་པའི་ལེགས་སྐྱེས་འགྲན་བསྡུར་གྱི་བུད་མེད་ཀྱི་སྤྱི་ལེ་20ཡི་འདུར་རྒྱུག་འགྲན་བསྡུར་ནང་། མཚོ་སྔོན་གྱི་ལུས་རྩལ་པ་ཅི་ཧའེ་ཡིང་ལ་མི་སྒེར་གྱི་ཨང་དྲུག་པ་ཐོབ་པ་མ་ཟད། རུ་གྲོགས་དང་མཉམ་དུ་ཀྲུང་གོའི་རུ་ཁག་གི་ཚབ་བྱས་ནས་རྣམ་གྲངས་དེའི་ཚོགས་པའི་ཨང་དང་པོ་བླངས་ཡོད།
          གཞན་ཡང་། མཚོ་སྔོན་ནས་ཡིན་པའི་ཀྲུང་གོའི་བོད་རིགས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་བླངས་མཁན་ཆོས་དབྱིངས་སྐྱིད་དང་རོགས་པ་ཧོ་ཤང་ཧུང་གིས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་མ་ལ་སུང་འདུར་རྒྱུག་གི་ཕོ་མོ་མཉམ་བསྲེས་རྣམ་གྲངས་ཀྱི་ཐོབ་ཐང་བླངས་བ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་དེ་ནི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་མ་འཚོག་གོང་གཉེར་བའི་འཛམ་གླིང་གི་ཚད་གཞི་མཐོ་ཤོས་ཀྱི་འདུར་རྒྱུག་འགྲན་བསྡུར་ཞིག་ཡིན། 
          ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་21ཉིན། 2024ལོའི་འཛམ་གླིང་འདུར་རྒྱུག་ཚོགས་པའི་ལེགས་སྐྱེས་འགྲན་བསྡུར་གྱི་བུད་མེད་ཀྱི་སྤྱི་ལེ་20ཡི་འགྲན་བསྡུར་ནང་མཚོ་སྔོན་ནས་ཡིན་པའི་ལུས་རྩལ་པ་ཅི་ཧའེ་ཡིང་གིས་ཆུ་ཚོད་1དང་སྐར་མ་30དང་སྐར་ཆ་08ཀྱི་གྲུབ་འབྲས་ཐོག་ནས་མི་སྒེར་གྱི་ཨང་དྲུག་པ་དང་རུ་གྲོགས་མ་ཀྲེན་ཞ(མི་སྒེར་གྱི་ཨང་གཉིས་པ)དང་། ཧྲི་ཡུས་ཞ(མི་སྒེར་གྱི་ཨང་བདུན་པ)  དབྱིན་ལ་མེ་དང་ཕེང་ལི་བཅས་ལ་མཉམ་དུ་ཀྲུང་གོའི་རུ་ཁག་གི་ཚབ་བྱས་ནས་རྣམ་གྲངས་དེའི་ཚོགས་པའི་ཨང་དང་པོ་ཐོབ་པ་རེད།
          གཞན་ཡང་། འཛམ་གླིང་འདུར་རྒྱུག་ཚོགས་པའི་ལེགས་སྐྱེས་འགྲན་བསྡུར་གྱི་མ་ལ་སུང་འདུར་རྒྱུག་ཕོ་མོ་མཉམ་བསྲེས་འགྲན་བསྡུར་ནང་། ཀྲུང་གོའི་ལུས་རྩལ་པ་ཧོ་ཤང་ཧུང་དང་ཆོས་དབྱིངས་སྐྱིད་གཉིས་ཨང་11པར་སླེབས་པ་དང་གྲུབ་འབྲས་ནི་ཆུ་ཚོད་3དང་སྐར་མ་03དང་སྐར་ཆ་10ཡིན་པ་རེད། སྒྲིག་སྲོལ་ལྟར་ན་སྐབས་འདིའི་འཛམ་གླིང་འདུར་རྒྱུག་ཚོགས་པའི་ལེགས་སྐྱེས་འགྲན་བསྡུར་ཁྲོད་ཨང་རིམ་མདུན་གྲལ་22ལ་རང་འགུལ་ངང་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ནང་ཞུགས་ཆོག་པའི་ཐོབ་ཐང་གཅིག་(སྐྱེས་པ་གཅིག་དང་བུད་མེད་གཅིག)ཐོབ་ཀྱི་ཡོད་པ་རེད།
          2023ལོར་ཆོས་དབྱིངས་སྐྱིད་ལ་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ་20ཡི་འདུར་རྒྱུག་འགྲན་བསྡུར་ཐོག་གསེར་གྱི་རྟགས་མ་རིམ་གསབ་སྤྲད་པ་དང་ཁོང་མོ་ཨོ་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་ཐོབ་པའི་རང་རྒྱལ་གྱི་བོད་རིགས་ལུས་རྩལ་པ་ཐོག་མ་དེར་གྱུར་ཡོད།