ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཧྲན་ཤིས་ཞིང་ཆེན་ཡུན་ཁྲེང་གྲོང་ཁྱེར་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་པ།

སྤེལ་དུས 2024-04-25 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
འདི་ནི་ཉེ་དུས་ཡུན་ཁྲེང་གི་ཚྭ་མཚེའུ་ཡི་མཛེས་ལྗོངས་ཁུལ་གྱི་རིམ་སྤོར་སྒྱུར་བཅོས་རྣམ་གྲངས་མགྱོགས་མྱུར་སྐྲུན་བཞིན་པ།
         ད་ཕན་ལོ་ཤས་རིང་། ཧྲན་ཤིས་ཞིང་ཆེན་ཡུན་ཁྲེང་གྲོང་ཁྱེར་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ནས། སྐྱེ་ཁམས་སྔོན་འཇོག་དང་། སྲུང་སྐྱོང་གཙོར་བཟུང་། གསར་སྤེལ་འོས་འཚམ་བཅས་མཐའ་འཁྱོངས་བྱས་ཏེ། ཚྭ་མཚེའུ་ཡི་སྐྱེ་ཁམས་ཉམས་གསོ་དང་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཚྭ་མཚེའུ་ཡི་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་བཏང་ནས། སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་དུས་གཅིག་ཏུ་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད།