དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་མཐོར་གཏོང་གི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་འཚོགས་པ།
སྤེལ་དུས 2025-07-01
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
འདི་ནི་ལས་མི་བསྡུ་བའི་འདུ་ཚོགས་ཐོག་ལས་ཀ་འཚོལ་མཁན་གྱིས་མི་སྤྱོད་ཚན་པར་ལས་གནས་ཀྱི་ཞིབ་ཕྲའི་གནས་ཚུལ་འདྲི་བཞིན་པ།
ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱིས་ལྷ་སའི་བརྒྱད་གཅིག་བྱང་ལམ་གྱི་ཤེས་ལྡན་པའི་ཐང་ཆེན་དུ“2025ལོའི་དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་མཐོར་གཏོང་གི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས”འཚོགས་ཤིང་། རང་སྐྱོང་ལྗོངས་ནགས་ཤིང་ཚན་རིག་ཞིབ་འཇུག་ཁང་དང་། ཀྲུང་གོ་ལྕགས་ལམ་ཅུས་དང་པོ། བོད་སྨན་ཚོགས་པ་སོགས་མི་སྤྱོད་ཚན་པ་བསྡོམས་192ཀྱིས་ལས་ཞུགས་ལས་གནས་2912མཁོ་འདོན་བྱས་པ་དང་། དེའི་གྲས་ཀྱི་སྲིད་འཛིན་དོ་དམ་དང་། མེ་འཁོར་ཞབས་ཞུ་བ། དྲུང་ཡིག་སོགས་ཀྱི་ལས་གནས་ཀྱིས་ལས་ཀ་འཚོལ་མཁན་མང་པོའི་ཡིད་དབང་བཀུག་ཡོད།