གངས་རིན་པོ་ཆེའི་འདབས་རོལ་གྱི “ཨ་ཅག་ཉེན་རྟོག་པ”
སྤེལ་དུས 2025-07-01
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
འདི་ནི་པ་སངས་བུ་ཁྲིད(མདུན)དང་ལས་རོགས་ཚོས་དར་ཆེན་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུར་སྐོར་གཡེང་བྱེད་བཞིན་པ།
འདི་ནི་བར་ག་གྲོང་རྡལ་སློབ་ཆུང་དུ་པ་སངས་བུ་ཁྲིད་ཀྱིས་སློབ་གྲྭའི་ནང་སློབ་མ་ཚོ་དང་སྤེལ་རེས་བྱེད་བཞིན་པ།
བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བར་ག་གྲོང་རྡལ་དར་ཆེན་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ནི་གངས་རིན་པོ་ཆེའི་འདབས་རོལ་དུ་ཆགས་པ་དང་། དེའི་མདུན་ཕྱོགས་ནི་རི་བོ་གནས་མོ་སྣ་གཉིས་ཡིན། དེ་ནི་ཡུལ་སྐོར་བ་གངས་སྐོར་ལ་བསྐྱོད་སའི་གནས་སྐོར་ལམ་གལ་ཆེན་ཞིག་ཡིན་པ་དང་། ལོ་ལྟར་ཡུལ་སྐོར་བ་ཁྲི་སྟོང་མང་པོར་སྣེ་ལེན་ཞུ་གི་ཡོད། གངས་རིན་པོ་ཆེའི་འདབས་རོལ་གྱི་ཡུལ་སྐོར་གྲོང་རྡལ་ཆུང་ངུར་དར་ཆེན་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སྐོར་གཡེང་བྱེད་ཀྱི་ཡོད་པ་དང་། སྐོར་གཡེང་རུ་ཁག་ཏུ་བུད་མེད་ཉེན་རྟོག་པ་གཅིག་ཡོད་པ་ཁོང་ནི་ལོ་29ལ་སླེབས་པའི་པ་སངས་བུ་ཁྲིད་རེད།
2023ལོར་པ་སངས་བུ་ཁྲིད་ཀྱིས་རང་འགུལ་ངང་དར་ཆེན་མཐའ་མཚམས་མངགས་གཏོང་ཁང་དུ་འོང་རྒྱུའི་རེ་ཞུ་ཕུལ་ནས་དེ་གའི་བུད་མེད་མི་དམངས་ཉེན་རྟོག་པ་དང་པོར་གྱུར། ཉེན་རྟོག་པ་མ་བྱས་གོང་ཁོང་ནི་སློབ་ཆུང་གི་རྩིས་རིག་དགེ་རྒན་ཞིག་རེད།
ལོ་གཉིས་རིང་གི་གཞི་རིམ་གྱི་ལས་ཀའི་ཉམས་མྱོང་དང་དེ་བཞིན་སྔོན་ཆད་དགེ་རྒན་གྱི་ལས་གནས་སུ་སྦྱོང་བརྡར་ཐེབས་པའི་དབང་གིས་ཀུན་དང་འདྲིས་གཤིབ་བདེ་བའི་གོམས་གཤིས་བཟང་པོ་ཞིག་འཇགས་ཡོད། སློབ་གྲྭར་ཁྲིམས་ལུཌ་ཁྱབ་གདལ་གཏོང་བར་སྐྱོད་སྐབས། ཕྲུ་གུ་ཚོས་ཁོང་གི་གམ་དུ་བཅར་ནས་ཁོང་ལ“ཨ་ཅག་བུ་ཁྲིད”ཅེས་འབོད་པ་དང་། མཛེས་ལྗོངས་ཁུལ་དུ་རོགས་སྐྱོབ་བྱེད་པར་སྐྱོད་སྐབས། རོགས་རམ་ཐོབ་པའི་ཡུལ་སྐོར་བ་ཚོས་ཁོང་ལ་གོས་དར་སྤྲོད་ཀྱིན་རྟག་ཏུ་ཁོང་ལ“ཨ་ཅག་ཉེན་རྟོག་པ”ཞེས་བོས་ནས་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་ཡོད།