ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཀརྨ་ཚེ་བརྟན་གྱིས་བོད་ཀྱི་རིག་དངོས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་བརྟག་ཞིབ་གནང་བ།

སྤེལ་དུས 2025-11-11 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྷ་སར་རང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་འབྲས་ཐོན་པ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
  ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་རུ་འགྲེམས་པང་ལ་གཟིགས་པ་དང་སྙན་སེང་གསན་ཏེ། རང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ལས་དོན་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་མཁྱེན་རྟོགས་གནང་བ་དང་། ཆོས་གོང་དང་དབེན་འཇམ་རྡོ་སོགས་གནའ་ཤུལ་དུ་ཕེབས་ནས་བརྟག་ཞིབ་གཏིང་ཟབ་གནང་བ་རེད། ཁོང་གིས་བསྟན་དོན། རང་ལྗོངས་ཀྱི་ལོ་རྒྱུས་ཀྱི་རྨང་གཞི་གཏིང་ཟབ་པ་དང་རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་པས། དུས་རབས་གསར་པའི་རིག་དངོས་སྲུང་སྐྱོབ་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ་དང་། སྤྱི་ཡོངས་རང་བཞིན་དང་མ་ལག་རང་བཞིན་གྱི་སྲུང་སྐྱོང་གི་འདུ་ཤེས་ལག་ལེན་བསྟར་ཏེ། ཁྲིམས་དང་སྒྲིག་སྲོལ་ལྟར་རིག་དངོས་སྔོག་འདོན་དང་། སྲུང་སྐྱོབ། བེད་སྤྱོད་བཅས་ཀྱི་ལས་དོན་ཁག་སྤེལ་ནས། རིག་དངོས་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་སྲུང་དགོས། བོད་ཀྱི་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གང་ལེགས་བྱས་ཏེ། དེང་རབས་ཚན་རྩལ་གྱི་བྱེད་ཐབས་ཧུར་ཐག་སྤྱད་དེ་རིག་དངོས་སྲུང་སྐྱོབ་བྱེད་ནུས་ཆེ་རུ་གཏོང་བ་དང་། རིག་དངོས་ཐོན་ཁུངས་བསྡུ་སྒྲིལ་དང་རིན་ཐང་གསལ་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལ་བརྟེན་ནས་རང་ལྗོངས་ཀྱི་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག ཞིབ་འཇུག་བཅས་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་རིག་གནས་ཀྱི་མོས་སེམས་ཟབ་ཏུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས། རིག་དངོས་ཀྱི་ནུས་པ་ཆེར་གཏོང་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས། རིག་དངོས་ཐོན་ཁུངས་དང་ཡུལ་སྐོར་ཐོན་ལས་ཀྱི་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་དང་། ཁྱབ་སྤེལ་བྱེད་སྟངས་གསར་གཏོད་བྱས་ནས། བོད་ཀྱི་གཏམ་རྒྱུད་གསོན་ཉམས་དོད་པོས་བརྗོད་པ། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པར་རིག་དངོས་དང་རིག་གནས་ཤུལ་བཞག་ལ་གསོན་ཤུགས་གསར་པ་འཕེལ་བ་དང་བཀྲག་མདངས་གསར་པ་སྣོན་པར་ཤུགས་རྒྱག་དགོས།
  ཀརྨ་ཚེ་བརྟན་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་དུ་ཕེབས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱས་ཚུལ་ལ་མཁྱེན་རྟོགས་གནང་བ་དང་འབྲེལ། ལས་བྱེད་ལས་བཟོ་དང་བྱམས་བརྩེའི་སྤེལ་རེས་གནང་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།
  ཆུ་ཤུར་རྫོང་ས་གཙང་བཞོན་མ་གསོ་ཚགས་ཚད་ཡོད་ཀུང་སིར། ཀརྨ་ཚེ་བརྟན་གྱིས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་དང་བེད་མེད་དངོས་པོ་ཐོན་ཁུངས་ཅན་གྱི་བེད་སྤྱོད་བྱས་ཚུལ་སྐོར་ལ་འདྲི་རྩད་ཞིབ་ཕྲ་གནང་བ་རེད། ཁོང་གིས་བསྟན་དོན། སྙིང་རུས་གཏན་འཁྱོངས་མཐའ་འཁྱོངས་བྱས་ནས་ཚན་རྩལ་གྱི་མཐུན་རྐྱེན་སྦྱོར་ནུས་ཤུགས་ཆེར་བཏང་སྟེ། ཞིང་འབྲེལ་ཞིང་ཁྲིད་ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་སྒྱུར་ལྟ་འདོམས་ནན་པོ་བྱས་ནས་ཕྱུགས་རིགས་དང་ཁྱིམ་བྱ་གསོ་སྤེལ་བྱེད་རིང་གི་བེད་མེད་དངོས་པོ་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། འདེབས་གསོ་ཟུང་འབྲེལ་དང་ཞིང་འབྲོག་འཁོར་རྒྱུག་གི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།