ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་ཉི་འོད་གློག་ཁང་དང་པོའི་དྲོད་ལེན་མཐོ་ལྕོག་གི་ཐོག་བཀབ་པ།

སྤེལ་དུས 2025-11-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་བྲག་ནག་གྲོང་རྡལ་ཐུག་ཧྲོམ་གྲོང་ཚོར་གནས་པའི“100MWཟིན་པའི་ཉི་འོད་དང་800MWཟིན་པའི་འོད་ཤུགས་ཟུང་དུ་འབྲེལ་བའི”གཞི་གཅིག་ཅན་རྣམ་གྲངས་ཀྱི་ལས་ཡུལ་ཡིན་པ།
       ཉེ་ཆར། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་བྲག་ནག་གྲོང་རྡལ་ཐུག་ཧྲོམ་གྲོང་ཚོར་གནས་པའི“100MWཟིན་པའི་ཉི་འོད་དང་800MWཟིན་པའི་འོད་ཤུགས་ཟུང་དུ་འབྲེལ་བའི”གཞི་གཅིག་ཅན་རྣམ་གྲངས་འགག་རྩའི་མཚམས་ཚིགས་སུ་སླེབས་ཏེ་རྣམ་གྲངས་ལྟེ་བའི་ལས་གྲྭའི་ཉི་འོད་མཐོ་ལྕོག་གི་ཐོག་བདེ་བླག་ངང་བཀབ་ཐུབ་པ་བྱུང་ཡོད། མཐོ་ཚད་ལ་སྨི་185ཟིན་པ་དེའི་ཐོག་བཀབ་པར་དུས་ཡུན་ཉིན་233འགོར་ནས་དུས་མཚུངས་ཀྱི་ཉི་འོད་མཐོ་ལྕོག་གི་ཐོག་འགེབས་པའི་ཨར་ལས་དུས་ཡུན་ཐུང་ཤོས་ཀྱི་ཟིན་ཐོ་བཏོད་ཡོད།
       ལས་ཡུལ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། དྲོད་ལེན་མཐོ་ལྕོག་དེར་འོད་གཅིག་སྡུད་མེ་ལོང་ཁྲི་1.6བསྒར་ཡོད་པ་དང་། འོད་ལེན་ཁྱོན་སྨི་རྒྱ་དཔངས་ངོས་གྲུ་ཁྲི་80ཟིན་ཡོད། ད་ལྟ་བཟོ་པ་ཚོས་དུས་ཚོད་དམ་འཛིན་དང་གོ་རིམ་ལྡན་པའི་ངང་སྒྲིག་སྦྱོར་བྱས་ཏེ་སང་ལོའི་ཟླ་བ་གསུམ་པར་མཐོ་ལྕོག་བསྐྲུན་ཟིན་པ་དང་ཐོག་ཁའི་དྲོད་ལེན་ཡོ་ཆས་ཟླ་བཞི་པར་བསྒར་ཚར་བ་བྱ་རྩིས་ཡོད།
       ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་བོད་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རིང་གི་གཙོ་གནད་ནུས་རྒྱུའི་རྣམ་གྲངས་ཤིག་ཡིན་པ་དང་། 2026ལོའི་ཟླ་བ་བཅུ་པར་སྤྱོད་འགོ་ཚུགས་རྒྱུ་རེད། དེའི་ནང་གི་དྲོད་ལེན་རྣམ་གྲངས་ནི་བོད་ཀྱི་མཐོ་ལྕོག་རྣམ་པའི་ཉི་འོད་གློག་གཏོང་རྣམ་གྲངས་དང་པོ་དེ་ཡིན་པ་མ་ཟད། གནས་སའི་ས་ཁམས་ཀྱི་ཁྱད་པར་དབང་གིས་མིག་སྔར་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་མཐོ་ལྕོག་རྣམ་པའི་ཉི་འོད་གློག་འདོན་ས་ཚིགས་ཤིག་ཏུ་གྱུར་ཡོད།