བོད་ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཁྲིམས་སྐྱོང་སློབ་ཚན་ཆེན་པོ་འགོ་ཚུགས་པ།
སྤེལ་དུས 2025-11-25
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཉིན་ཤས་གོང་། བོད་ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཁྲིམས་སྐྱོང་སློབ་ཚན་ཆེན་པོ་ལྷ་སར་འགོ་ཚུགས་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། འགན་འཁྲི་གཙང་སྒྲུབ་དང་། རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ། ཁྲིམས་བཞིན་ལས་དོན་ནན་པོ་སྒྲུབ་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)རིམ་པ་དང་པོའི་དགེ་རྒན་ཆེ་མོ་བ་དང་འབུམ་རམས་པའི་སློབ་དཔོན་ཧུའུ་ཅན་མེའོ་ཡིས“ཁྲིམས་བཞིན་ཐབས་ཇུས་འགོད་པ་དང་། ཁྲིམས་བཞིན་སྲིད་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་འགོ་ཁྲིད་ལས་བྱེད་པས་ཁྲིམས་བཞིན་ལས་དོན་སྒྲུབ་པའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་ཟུར་ཁྲིད་སྙན་ཞུ་བྱས་པ་རེད།
ཤའོ་ཡིའུ་ཚའེ་དང་། ཟླ་བ་ཚེ་རིང་། ཀྲུའུ་ཧྲོའུ་ཁོ། ཞ་ཁེ་ཆིན་བཅས་ཞུགས་ཡོད།
ལིའུ་ཅང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ་དེས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་འཐབ་ཇུས་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཀྱི་གནད་དོན་སྔར་བས་གསལ་སྟོན་ཐུབ་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་ཆོས་ཉིད་རང་བཞིན་ལ་འཛིན་པའི་ངོས་འཛིན་ཟབ་ཏུ་ཕྱིན་ནས། རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ཅེས་གསུངས།
ལིའུ་ཅང་གིས། ཁྲིམས་ལྟར་ཇུས་འགོད་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་བརྒྱབ་ནས་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ངེས་པར་སྒྲུབ་པ་དང་། ཁྲིམས་ཀྱི་དབང་ཆ་མེད་ན་སྒྲུབ་མི་ཆོག་པ་མཐའ་འཁྱོངས་བྱས་ཏེ། ཁྲིམས་ལྟར་ཇུས་འགོད་ཀྱི་འདུ་ཤེས་ཟབ་ཏུ་དང་ཁྲིམས་ལྟར་ཇུས་འགོད་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་ལྟར་ཇུས་འགོད་དང་། ཚན་རིག་དང་མཐུན་པར་ཇུས་འགོད། དམངས་གཙོའི་ཇུས་འགོད་བཅས་ཀྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པ་དང་། སྲིད་འཛིན་ནུས་ཕྱོད་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་ནས། སྲིད་འཛིན་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་བཏང་སྟེ། གྲངས་འཛིན་གྱིས་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་བཏང་ནས་དེ་བས་ཆེ་བའི་ཁྱབ་ཁོངས་སུ། “ལས་ཕྱོད་ཆེན་པོས་བྱ་བ་རེ་སྒྲུབ་པ”དང“དྲ་གཅིག་ཀུན་སྒྲུབ”ཡོང་བ་བྱེད་དགོས། སྲིད་དོན་གྱི་ཞབས་ཞུ་ལེགས་སུ་བཏང་སྟེ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཐོག་སྲིད་ཇུས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ། འདུམ་འགྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དམངས་ལ་སྟབས་བདེ་བསྐྲུན་པ་དང་ཕན་འདོགས་པའི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱས་ནས་ཁ་ཡོད་ལག་ཡོད་ཀྱི་ཁྲིམས་སྐྱོང་གི་གྲུབ་འབྲས་ལ་བརྟེན་ནས་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་བར་གཡས་གཞོགས་གཡོན་འདེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།