ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་ཆེ་མོ་བའི་ལས་རིགས་འཆར་འགོད་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་སྤེལ་བ།

སྤེལ་དུས 2025-11-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉེ་ཆར། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་གཉེར་འགན་འཁུར་བའི་བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་ཆེ་མོ་བའི་ལས་རིགས་འཆར་འགོད་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་ཧྲའན་ཤིས་ཞན་དབྱང་དུ་སྤེལ་བ་རེད།
  ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་ཆེ་མོར་སློབ་མར་ཕྱོགས་པའི་འཚར་ལོངས་ཀྱི་འགྲན་ལམ་དང་། ལས་ཞུགས་ཀྱི་འགྲན་ལམ། དགེ་རྒན་ལ་ཕྱོགས་པའི་སློབ་ཚན་སློབ་ཁྲིད་ཀྱི་འགྲན་ལམ་བཅས་གསུམ་བཟོས་ཡོད། དེའི་ནང་འཚར་ལོངས་ཀྱི་འགྲན་ལམ་ལ་མཐོ་རིམ་སློབ་གསོའི་ཞིབ་འཇུག་ཚོགས་ཆུང་དང་ལས་རིགས་སློབ་གསོའི་ཞིབ་འཇུག་ཚོགས་ཆུང་བཙུགས་པ་དང་། ལས་ཞུགས་ཀྱི་འགྲན་ལམ་ལ་མཐོ་རིམ་སློབ་གསོའི་དངོས་གཞིའི་ཚན་ཁག་སློབ་མའི་ཚོགས་ཆུང་དང་། མཐོ་རིམ་སློབ་གསོའི་ཞིབ་འཇུག་སློབ་མའི་ཚོགས་ཆུང་། ལས་རིགས་སློབ་གསོའི་ཞིབ་འཇུག་ཚོགས་ཆུང་བཅས་བཙུགས་པ། སློབ་ཚན་སློབ་ཁྲིད་ཀྱི་འགྲན་ལམ་ལ་མཐོ་རིམ་སློབ་གསོའི་ཞིབ་འཇུག་ཚོགས་ཆུང་དང་ལས་རིགས་སློབ་གསོའི་ཞིབ་འཇུག་ཚོགས་ཆུང་བཙུགས་ཡོད། འགྲན་བསྡུར་ཆེ་མོ་འགོ་ཚུགས་ཚུན། དགེ་སློབ་ཁྲི་1.4ལྷག་ཙམ་གྱི་ཡིད་དབང་བཀུག་ནས་འགྲན་བསྡུར་ལ་མིང་ཐོ་བཀོད་ཡོད་པ་མ་ཟད། གཟེངས་སུ་ཐོན་པའི་ལས་རིགས་འཆར་འགོད་བརྩམས་ཆོས་འབོར་ཆེན་ཐོན་ཡོད། གདམ་གསེས་རབ་དང་རིམ་པ་བྱས་པ་བརྒྱུད། བདམས་ཐོན་པ་168རང་སྐྱོང་ལྗོངས་ཀྱི་འགྲན་བསྡུར་ནང་ཞུགས་ནས་འགྲན་བསྡུར་དྲག་པོ་བྱས་མཐར་གསེར་གྱི་བྱ་དགའ་ཐོབ་མཁན་14དང་། དངུལ་གྱི་བྱ་དགའ་ཐོབ་མཁན་24 ཟངས་ཀྱི་བྱ་དགའ་ཐོབ་མཁན་27བཅས་ཐོན་ཡོད།