ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

རྒྱལ་ཁབ་སྤྱི་གླིང་ནང་གི་སྲུང་སྐྱོང་དང་གསར་སྐྱེས།

སྤེལ་དུས 2025-11-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་ཧུའུ་ནན་ཞིང་ཆེན་གཡོད་དབྱང་གྲོང་ཁྱེར་པར་རྒྱག་མཁས་ཅན་གྱིས་གྲོང་མིར་པར་རྒྱག་བརྩམས་ཆོས་ཀྱི་བསམ་འདུན་ཤོད་བཞིན་པ།
        ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་རེད་ལ། ཧུའུ་ནན་ཞིང་ཆེན་གཡོད་དབྱང་གྲོང་ཁྱེར་གྱིས་ཟངས་རི་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ངོ་30འཁོར་བའི་ལོ་ཞིག་ཀྱང་རེད། ཉེ་ཆར། “ལག་གདང་སྦྲེལ་ནས་གོང་འཕེལ་གཏོང་། གཡོད་དབྱང་ཟངས་རི་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བརྙན་པར་གསར་རྩོམ་གྱི་གྲུབ་འབྲས་འགྲེམས་སྟོན་གཡོད་དབྱང་དུ་འགོ་ཚུགས་པ་རེད།
        འགྲེམས་སྟོན་ལ་བརྙན་པར་བརྩམས་ཆོས་རྩེ་གྲ་200བདམས་ཤིང་། ཤེས་རྟོགས་བྱས་པར་གཞིགས་ན། བརྩམས་ཆོས་དེ་དག་ནི་ད་ལོའི་ཟླ་8པར་གཡོད་དབྱང་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱི་པར་རྒྱག་མཁས་ཅན་9ཡིས་ཟངས་རི་རྫོང་གི་ས་ཆ་ཁག་ཏུ་བསྐྱོད་དེ་བརྒྱབ་པ་ཞིག་རེད།